07

པར་རིས་གསར་འགྱུར། 2026年06月12日

ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁོར་ཡུག་སྲུང་སྐྱོང་དང་བཟའ་བཅའ་དང་སྨན་རྫས་ཉིང་ལག་རུ་ཁག་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་དང་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་སུ་ཆེད་དོན་བདེ་འཇགས་ཞིབ་བཤེར་བྱས་པ་རེད། དེའི་ཁྲོད་གཙོ་བོ་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་གྱི་ཅ་ལག་འཚོང་ས་དང་། སྨན་རྫས་ཁེ་ལས། ཚགས་ཤ་ཐོན་སྐྱེད་རྟེན་གཞི་བཅས་ལ་ཁྱབ་པའི་ས་ཆ་དངོས་ཀྱི་ཞིབ་བཤེར་བྱས་ནས་གཉེར་སྐྱོང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཞིབ་ཚགས་བྱེད་པ་དང་། གཉེར་སྐྱོང་གི་འོས་ཐོབ་ལ་ཞིབ་བཤེར་བྱེད་པ། ཚོང་ཟོག་འཐེན་པའི་རྩིས་ཁྲ་ཁུངས་འདེད་བྱེད་པ། ཁྲིམས་འགལ་དང་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བཅས་བྱས་ཤིང་། འདི་ནི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་སྨན་རྫས་ཁེ་ལས་སུ་ཞིབ་བཤེར་བྱེད་བཞིན་པ།