01

“ལྔ་གཅིག”གུང་གསེང་རིང་རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བརྟན་ལ་གོ་རིམ་དང་ལྡན་པ། 2026年05月12日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་1ནས་5ཉིན་བར། ལྗོངས་ཡོངས་ཀྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་རྒྱུག་ཚད་451026ཟིན་པ་དེ་དུས་མཚུངས་ལས་18.5%འཕར་ཡོད་པ་རེད། ལྗོངས་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་རླངས་འཁོར་རྒྱུག་ཚད་46884ཟིན་པ། འཁོར་རྒྱུན་མང་བ་དང་། ས་བབ་མཐོ་བའི་ལམ་དུམ་དུ་གློ་བུར་དུ་གངས་ཆེན་པོ་བབས་པ། ཆུ་ལོག་བཅས་ཀྱི་སྔོན་ཚུད་ཉེན་བརྡ་བསྟུད་མར་གྲགས་ཡོད། འདི་ལོའི“ལྔ་གཅིག”གུང་གསེང་རིང་རང་ལྗོངས་ཀྱི་གཞུང་ལམ་དུ་རླངས་འཁོར་མང་བའི་ཁར། གནམ་གཤིས་གྲང་ཡང་འགྲིམ་འགྲུལ་བརྟན་ལ་གོ་རིམ་ལྡན་པ་བྱུང་ཡོད།