04

སྤོ་བོ་རྫོང་གཡུ་ཤུལ་ཤང་བལ་ཡུལ་གྲོང་ཚོའི་མང་ཚོགས་ལ་བལ་ཕུ་ལུང་མཉམ་ལས་རྣམ་གྲངས་ཀྱི་ངལ་རྩོལ་གླ་ཆ་ཐོག་མ་དེ་རག་པ། 2026年03月29日

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་28ཉིན། སྤོ་བོ་རྫོང་གཡུ་ཤུལ་ཤང་གི་བལ་ཕུ་ལུང་འབྲོག་ར་དང་སྤོ་བོ་རྫོང་རྒུ་ཤང་སྲོང་བཙན་གསོལ་མགྲོན་ཁང་ཞབས་ཞུ་ཚད་ཡོད་ཀུང་སིའི(སྲོང་བཙན་ཀུང་སི)མཉམ་ལས་རྣམ་གྲངས་ཀྱི་ངལ་རྩོལ་གླ་ཆ་ཐོག་མ་དེ་སྤྲོད་པའི་མཛད་སྒོ་བལ་ཡུལ་གྲོང་ཚོར་འཚོགས་པ་རེད།

གླ་ཆ་སྤྲོད་པའི་མཛད་སྒོའི་ཐོག་གཡུ་ཤུལ་ཤང་གིས་རྣམ་གྲངས་ཞབས་ཞུའི་ནང་ཞུགས་མཁན་ཡུལ་མི་44ལ་ཁྱོན་བསྡོམས་ངལ་རྩོལ་གླ་ཆ་སྒོར་157900སྤྲད་པ་རེད། མང་ཚོགས་དེ་དག་གིས་ལམ་སྣེ་ཁྲིད་པ་དང་རྟ་གཡོག་ཞབས་ཞུ། དེ་བཞིན་བཞོན་རྟ་བོགས་མར་གཏོང་བ་བཅས་བྱས་ཏེ“ཁེ་ལས་དང་། གྲོང་ཚོ་མཉམ་སྡེབ། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”མཉམ་ལས་སྒྲོམ་གཞིའི་འོག་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་པ་དང་རྒྱུན་མཐུད་འབབ་འཕར་བྱུང་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་རིམ་རྩིས་བརྒྱབ་ན་བལ་ཕུ་ལུང་འབྲོག་རས་ཡུལ་སྐོར་བ་མི་ཐེངས་4000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེས་བལ་ཡུལ་གྲོང་ཚོར་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་160ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དེ་མང་ཚོགས་ལ་འབབ་འཕར་ཡོང་བའི་ཐབས་མཆོག་ཅིག་ཏུ་དངོས་འབྲེལ་གྱུར་ཡོད། གཡུ་ཤུལ་ཤང་གིས་མུ་མཐུད་བལ་ཕུ་ལུང་འབྲོག་རའི་ཡུལ་སྐོར་གསར་སྤེལ་གོ་སྐབས་སུ་བརྩིས་ནས་ཤང་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱེད་པ་དང་། ཞབས་ཞུའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་དེ་བས་མང་བར་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།