འདི་ནི་བོད་བྱ་གསོ་ཚགས་རྟེན་གཞིའི་ཟུར་ཞིག་ཡིན་པ།
འདི་ནི་བཟོ་པས་ལྕགས་ཀྲིན་ནང་བླུགས་པའི་བྱ་ཤའི་ནད་འབུ་སེལ་བ་དང་ཐུམ་སྒྲིལ་གཞི་གཅིག་ཅན་གྱི་ཐོན་སྐྱེད་ལ་བརྟག་དཔྱད་བྱེད་བཞིན་པ།
ས་བཟུང་རྒྱ་ཁྱོན་མུའུ་ཁྲི་10ཟིན་པའི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་བོད་བྱ་གསོ་ཚགས་རྟེན་གཞིར་བོད་བྱ་23000ཙམ་ཡོད་ཅིང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཟུར་བསྣན་རིན་ཐང་ཆེ་རུ་གཏོང་ཆེད། རྟེན་གཞིས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་སྐྱེད་བཟོ་འཁོར་གཙོ་གནད་ཐོག་བཏོད་པ་མ་ཟད། “ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ལས་གཉེར་བྱ་ཐབས་བརྒྱུད། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱས་ཡོད།