03

པར་རིས་གསར་འགྱུར། 2026年02月25日

ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཨུད་སྤྱི་ཚོགས་ལས་དོན་པུས་གཞི་རིམ་སྤྱི་ཚོགས་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་སློབ་ཚན་དེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གཏིང་ཟབ་ཡོང་བར་དམིགས་ཡོད་པ་དང་། ནང་དོན་ནི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་དངོས་སྒྲུབ་ལ་སྣེ་ཁྲིད་དང་། དང་བླངས་ཞབས་ཞུ་ཚད་ལྡན་ཅན་དང་མཉམ་འདྲེས་འཕེལ་རྒྱས། གཞི་རིམ་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་བཀོལ་སྤྱོད་སོགས་ཚུད་པས་གསོ་སྦྱོང་ནང་ཞུགས་མཁན་གྱི་འཇོན་ཐང་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད། འདི་ནི་གསོ་སྦྱོང་སློབ་ཚན་འཚོག་ཡུལ་དུ་རིགས་གཅིག་མཁས་ཅན་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་དམིགས་པའི་ཆེད་དོན་སློབ་ཚན་ཁྲིད་བཞིན་པ།