ཉེ་ཆར། ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད། ཞབས་འདེགས་གཉིས་ཞུ”ཡི་ལས་དོན་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་ཆེད། ཀླུ་སྒུག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་བཅུ་པའི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་སྡེ་ཁུལ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། འཚམས་འདྲི་ཚོགས་ཆུང་གིས་གྲོང་མིར་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་དངོས་རྫས་དང་དེ་བཞིན་ཟིན་དེབ་དང་ཚོན་སྨྱུག་སོགས་བླུགས་པའི་ཡིག་ཆས་སྤྲད་པ་དང་། ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་འཚོ་བའི་གནས་ཚུལ་དང་ཕྲུ་གུའི་སློབ་སྦྱོང་སྐོར་སོགས་སྐད་ཆ་དྲིས་པ་དང་སྦྲགས་སྐུལ་ལྕག་ཀྱང་བྱས་པ་རེད། འདི་ནི་འབྲེལ་ཡོད་ལས་དོན་པས་སྡེ་ཁུལ་གྱི་ཕྲུ་གུར་ཡིག་ཆས་སྤྲོད་བཞིན་པ།