འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་ཚོའི་རྣམ་པ་མུ་མཐུད་ལེགས་སུ་བཏང་སྟེ་སྡོད་མལ་ལ་འཚམ་པའི་ཁོར་ཡུག་གཙང་མ་ཞིག་གཏོད་ཆེད། ཉང་བྲན་ཁྲོམ་གཞུང་སྤྱི་སོ་གྲོང་ཚོ་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་མཐའ་འཁྱོངས་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་ཐོག་ཏང་ཡོན་སྒྲིག་འཛུགས་བྱས་ཏེ། “གཟའ་འཁོར་རེར་གཙང་སྦྲ་ཐེངས་རེ”བྱེད་པའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས། ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ཏེ་གྲོང་གསེབ་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་རེད།
ཉེ་ཆར་ལས་ཐོག་ཏང་ཡོན་གྱིས“དཀའ་ངལ་ཡོད་ན་སྡེ་ཁུལ་འཚོལ”ཞེས་པའི་ཡི་གེ་ཡོད་པའི་སྟོད་གོས་དམར་པོ་གྱོན་པ་དང་ལག་ཏུ་ཕྱགས་མ་དང་གད་སྙིགས་བླུགས་སྣོད་སོགས་གཙང་སྦྲའི་ཡོ་བྱད་འཁྱེར་ནས་གྲོང་ཚོའི་ནང་གི་གཞུང་ལམ་དང་། ཁང་པའི་རྒྱབ་མདུན། སྤྱི་པའི་བྱེད་སྒོ་སྤེལ་ས་བཅས་གཙོ་གནད་ས་ཁོངས་སུ་ལེབ་བཤེར་རྣམ་པའི་གཙང་སྦྲ་བྱས་པ་རེད།
“གཟའ་འཁོར་རེར་གཙང་སྦྲ་ཐེངས་རེ”བྱེད་པའི་བྱེད་སྒོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་བ་ལས་ཁོར་ཡུག་བཅོས་སྒྲིག་གི་བྱེད་ཐབས་ཞིབ་ཚཌ་སུ་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོཌ་སུ་སོང་བ་མ་ཟད། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་མངོན་ཡོད།