01

ལྷུན་གྲུབ་རྫོང་གི་རྒན་གསོ་ཞབས་ཞུའི་ས་ཚིགས་16བར་མང་དུ་ཕྱིན་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་ཕྱོགས་ཡོངས་ནས་ཚགས་དམ་དུ་ཕྱིན་པ། 2026年02月23日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་གི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། རྫོང་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ས་ཚིགས་5ནས་16བར་མང་དུ་ཕྱིན་པ་དང་། ཉིན་རེར་རྒན་རྒོན་ལ་ཞབས་འདེགས་ཞུ་ཚད་ཆ་སྙོམས་མི་ཐེངས་88ནས་མི་ཐེངས་400ལྷག་ཙམ་བར་མང་དུ་ཕྱིན་ཏེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་ཕྱོགས་ཡོངས་ནས་ཚགས་དམ་དུ་ཕྱིན་ཡོད།

2022ལོར་ཞབས་ཞུ་ས་ཚིགས་སུ་ཡོང་བའི་བགྲེས་སོང་ཚེ་རིང་བཀྲ་ཤིས་ཀྱིས“འདི་གར་སྨན་པ་བསྟེན་པར་སྟབས་བདེ་བ་དང་། ཁ་ལག་ཞིམ་པོ་འདུག་པས་འཚོ་བ་སྐྱིད་པོ་འདུག”ཅེས་གད་མོ་དགོད་བཞིན་བཤད།

མིག་སྔར། རྫོང་ཡོངས་སུ“གཅིག་སྡུད་བསྙེན་བཀུར་དང་གྲོང་ཚོ་རིམ་པའི་ཞབས་ཞུ་ཟུང་དུ་འབྲེལ་བའི”རྣམ་པ་ཞིག་ཆགས་པ་དང་། ཞབས་ཞུ་ས་ཚིགས་སུ་བོད་ཟས་དང་སྒོར་གཞས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་འདེགས་ཞུ་གི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་གིས་འབྱུང་འགྱུར་བདེ་སྐྱིད་གླིང་3དང་འཆམ་མཐུན་གླིང་10བསྐྲུན་ནས་རྒན་རྒོན་རྣམས་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་ཐུབ་པར་བྱ་རྒྱུ་རེད། (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)