02

ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་དམིགས་ཚད་གཙོ་བོ་ཁག་འཕར་ཤུགས་ཆེ་བ། 2026年02月19日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་དམིགས་ཚད་གཙོ་བོ་ཁག་འཕར་ཤུགས་ཆེ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་སྐབས་དེའི་རིང་ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་གློག་འཕྲུལ་ནས་གློག་འདོན་ཚད་ཆན་ཝ་ཁྲི་137.68ཟིན་ནས“རླུང་འོད་ཆུ་གསུམ”གྱི་ནུས་མང་གསབ་རེས་ཀྱི་ལེགས་ཆ་མངོན་ཡོད། ཆུ་གློག་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་7.68ཟིན་པ་དང་དྲག་ཏུ་རྒྱུག་པའི་གཙང་པོར་བརྟེན་ནས་གློག་བརྟན་པོ་གཏོང་བའི་རྨང་གཞི་ཡག་པོ་བཏིང་ཡོད། འོད་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་99.25ཟིན་ནས་ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་དུ་འོད་ཤུགས་ཤེལ་ལེབ་སྟར་པ་རེ་རེ་བཞིན་བཙུགས་ནས་ས་མཐོའི་ཉི་འོད་ལས་རྒྱུན་མི་ཆད་པའི་དྭངས་གཙང་གློག་ནུས་མཁོ་འདོན་བྱས་ཡོད། རླུང་གློག་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་30.75ཟིན་པ་དང་། རླུང་འཁོར་དཀར་པོ་རེ་རེ་རླུང་ཤུགས་ཁྲོད་བར་མེད་འཁོར་ནས་ལྗང་མདོག་འགུལ་ནུས་རྒྱུན་མཐུད་ངང་མཁོ་འདོན་བྱས་ཤིང་། བཀྲག་མདངས་འཚེར་ས་ནི་འཕྲུལ་འཁོར་གྱི་གཞི་ཁྱོན་ཁོ་ན་མིན་པར་དེ་བས་ཏན་ཏན་ཏིག་ཏིག་གིས་གློག་གཏོང་ཐུབ་པ་དེ་རེད།

གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ནག་ཆུ་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་དྲ་ཞུགས་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་10.39ཟིན་པ་དེ་དུས་མཚུངས་ལས་41.94%འཕར་བ་དང་། གློག་ཕྱིར་གཏོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1.24ཟིན་པ་དེ་དུས་མཚུངས་ལས་45.72%འཕར་ཡོད་པ་རེད།