02

མེ་ཏོག་བསྒྲིགས་ནས་ཟམ་པར་མཛེས་རྒྱན་སྤྲས། ཁྲོམ་གཞུང་གང་སར་མཛེས་ལྗོངས་གསར་པ་བསྣན། 2026年02月19日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེ་ཏཱ་སྐྱེད་ཚལ་ཀུང་སིས“གཟབ་ཅིང་རྒྱས་པ་དང་། འཁྲུག་ཆ་དོད་པ། གྲོན་ཆུང་བསྲི་ཚགས”བཅས་ཀྱི་རྩ་དོན་གཞིར་བཟུང་། མི་སྣ་སྒྲིག་འཛུགས་བྱས་ནས་སྤྲིན་ཟམ་ལ་འགྱིག་གི་མེ་ཏོག་གི་མཛེས་རྒྱན་སྤྲས་ཏེ། དགུན་དུས་ཀྱི་ལྷ་སར་མཛེས་སྡུག་ལྷག་པར་ལྡན་པའི་ཡུལ་གནས་མང་པོ་བསྣན་ཡོད།

ད་ཐེངས་ཀྱི་མཛེས་བཟོའི་ལས་དོན་དེ་ཁྲེང་ཀོན་ཆུས་ཅེ་ཏཱ་སྐྱེད་ཚལ་ཀུང་སིའི་ཡན་ལག་ཀུང་སི་བཞི་པས་འགན་འཁུར་ཞིང་། ལས་དོན་པས་སྔོན་ལ་ཅང་སུའུ་ལམ་གྱི་ལྷ་ས་སློབ་འབྲིང་ཉེ་འགྲམ་གྱི་སྤྲིན་ཟམ་ལ་མཛེས་རྒྱན་སྤྲས་འགོ་བཙུགས་ཡོད། ས་གནས་ས་ཐོག་གི་ལས་དོན་པས་ལས་བགོས་བརྒྱབ་པ་གཞིར་བཟུང་། གོ་རིམ་ལྡན་པའི་ངང་མེ་ཏོག་དབོར་སྐྱེལ་དང་། མེ་ཏོག་ཚོམ་སྦྲེལ། བརྟན་ཆགས་མཛེས་སྤྲས་བཅས་བྱས་པའི་ཐོག་ནས་སྤྲིན་ཟམ་ཐོག་མེ་ཏོག་སྒྲིག་གཤོམ་བདེ་བླག་ངང་བྱས་པ་རེད།

ཅང་སུའུ་ལམ་ལྷ་ས་སློབ་འབྲིང་གི་ཉེ་འགྲམ་དུ་ཡོད་པའི་མེ་ཏོག་སྣ་ཚོགས་ཀྱིས་མཛེས་རྒྱན་སྤྲས་པའི་སྤྲིན་ཟམ་དེ། ཉེ་འཁོར་གྲོང་ཁྱེར་གྱི་བཀོད་རྣམ་དང་མཉམ་འདྲེས་འཚམ་མཐུན་བྱུང་ནས་ཁྲོམ་གཞུང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།