ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་སྲོག་ཤིང་དུ་བྱས་ཏེ།“135”དང་བླངས་ཞབས་ཞུའི་མ་ལག་དང་གཞི་རིམ་དོ་དམ་ལམ་སྲོལ་མཉམ་འདྲེས་གཏིང་ཟབ་བྱས་ནས་དང་བླངས་ཞབས་ཞུས་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཏེ་དང་བླངས་ཞབས་ཞུའི་ལས་དོན་དེ་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། ཁྲོམ་གཞུང་མཛེས་བཟོ། བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་བ་བཅས་ཀྱི་མངོན་གསལ་དོད་པའི་རྨང་གཞི་ཞིག་ཏུ་འགྱུར་བར་བྱས་ཡོད།
དགོས་མཁོར་བསྟུན་ནས་ལས་སྟེགས་ཡག་པོ་བསྐྲུན་པ།
དོག་སྡེ་ཁྲོམ་གཞུང་ཁོངས་གཏོགས་ཀྱིས“135”དང་བླངས་ཞབས་ཞུའི་མ་ལག་བཙུགས་ནས་དང་བླངས་ཞབས་ཞུ་གཞི་རིམ་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་པར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་དེ། “ལས་སྟེགས་གཅིག”གིས་ཞབས་ཞུའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཞིང་། དོག་སྡེ་ཁྲོམ་གཞུང་གིས་གྲོང་ཚོ(སྡེ་ཁུལ)6གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ལྟེ་བའི་ནུས་པ་གང་ལེགས་འདོན་པ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། “ཞབས་ཞུའི་Vས་ཚིགས”སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“དངོས་ཚན་དང་རིག་ལྡན”གཞི་གཅིག་ཅན་གྱི་ལས་སྟེགས་གཏོད་པ་དང་། སྟབས་བདེ་ལ་ཕན་འབྲས་ཆེ་བའི“སྐར་མ་15ཡི་དང་བླངས་ཞབས་ཞུའི་ཁུལ”བཏོད་ཡོད། ལས་སྟེགས་ཀྱིས་མཉམ་སྐྲུན་ཚན་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་བསྡུ་ལེན་རྒྱ་ཁྱབ་བྱས་ཏེ“དྲིལ་བརྡ”དང་། “ཐོ་བ་ཆུང་ཆུང” “ཨ་མ་བག་བྲོ”སོགས་ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག་17གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་བྱས་པར། ཐོ་འགོད་བྱས་པའི་དང་བླངས་པ་1345ཟིན་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཞབས་ཞུའི་སྟོབས་ཤུགས་ཡོངས་ཁྱབ་བྱུང་བ་རེད།
དོག་སྡེ་ཁྲོམ་གཞུང་གིས་རྩ་འཛུགས་དང་། དགོས་མཁོ། ལམ་ལུགས་བཅས་ཕྱོགས་གསུམ་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྩ་འཛུགས་ཐད། “ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་དང་། སྡེ་ཁུལ་གྱི་ཏང་ཨུད། དྲ་མིག་ཏང་ཀྲི་པུའུ། ཐོག་ཁང་དང་སྒོ་རའི་ཏང་ཚོགས་ཆུང་། ཏང་ཡོན་ལྟེ་བའི་དུད་ཚང”བཅས་རིམ་ལྔའི་མཉམ་འགུལ་མ་ལག་བཙུགས་ནས། དང་བླངས་ཞབས་ཞུ་དེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་དང་མཉམ་འདྲེས་གཏིང་ཟབ་བྱས་ཡོད། དགོས་མཁོའི་ཐད། “རྒན་པ་གཅིག་དང་། གཞོན་པ་གཅིག གསར་པ་གཅིག”སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ་གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས“མང་ཚོགས་ཀྱིས་མངགས་ཐོ་འབྲི་བ་དང་། སྡེ་ཁུལ་གྱིས་མངགས་ཐོ་གོང་ཞུ་བྱེད་པ། རྩ་འཛུགས་ཀྱིས་མངགས་ཐོ་གཤམ་སྤྲོད་བྱེད་པ། དང་བླངས་པས་མངགས་ཐོ་དང་ལེན་བྱེད་པ”བཅས་ཀྱི་གནད་སྨིན་སྦྲེལ་མཐུད་ཀྱི་གདུབ་ཟུམ་ཞིག་ཆགས་ཡོད། ལམ་ལུགས་ཐད། ཞབས་ཞུའི་སྐར་གསོག་དང་། སྐར་མ་རིམ་པ་གཏན་འཁེལ། ལག་རྟགས་སྤྲོད་པ་སོགས་ཀྱི་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དང་བླངས་ཞབས་ཞུ་རྒྱུན་མཐུད་ཆོག་པ་དང་། འཁོར་རྒྱུག་ཐུབ་པ། གསོན་ཤུགས་ལྡན་པ་བཅས་བྱུང་ཡོད།
“དང་བླངས་+”རྣམ་པའི་ཞབས་ཞུའི་ཕན་ནུས་བཏོན་པ།
དོག་སྡེ་ཁྲོམ་གཞུང་གིས“མཉམ་འདྲེས་ཅན”ཐབས་ལམ་དུ་བྱས་ཏེ་དང་བླངས་ཞབས་ཞུ་དང་གཙོ་གནད་ལས་དོན་མང་པོ་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་ནས“1+1>2”ཀྱི་བཅོས་སྐྱོང་ནུས་པ་འདོན་སྤེལ་བྱས་ཡོད།
“དང་བླངས་ཞབས་ཞུ་དང་དྲ་མིག་བཅོས་སྐྱོང”ལ་བརྟེན་ནས་དང་བླངས་པ“དྲ་བ་གཅིག་གིས་གཅིག་འདོམས་དང་དྲ་བ་མང་པོ་གཅིག་སྒྲིལ”གྱི་དྲ་མིག་གི་མ་ལག་ནང་བཅུག་ནས་དེ་དྲ་མིག་བཅོས་སྐྱོང་གི“འཚོལ་ཞིབ་པ”དང་། “ལས་རོགས་པ” “འབྲེལ་ཐག”བཅས་སུ་འགྱུར་བར་བྱས་ཡོད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་སོགས་ཀྱི་ལས་དོན་ཁྲོད“ཨ་མ་བག་བྲོ”ཞེས་པའི་ཞབས་ཞུ་རུ་ཁག་གིས་བཅར་འདྲི་དང་། དམངས་ཀྱི་འདུན་པ་བསྡུ་རུབ། གནད་དོན་ཚུར་ལན་བཅས་བྱས་ཏེ་སྒྱུར་བཀོད་བྱེད་པ་དེ་དེ་བས་མང་ཚོགས་དང་ཉེ་བཅར་ཡོང་བར་སྐུལ་འདེད་བཏང་བས། དོན་ཆུང་དྲ་མིག་ནས་ཐག་གཅོད་ཐུབ་པ་དང་དོན་ཆེན་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ་བྱུང་ཡོད།
“དང་བླངས་ཞབས་ཞུ་དང་དམངས་འཚོ་འགན་ལེན”གྱིས་མང་ཚོགས་ཀྱི་དཀའ་ངལ་དང་། སེམས་ཁྲལ། འཕྲལ་མཁོ། རེ་སྒུག་བཅས་དང་སྦྲེལ་མཐུད་གནད་སྨིན་བྱས་ཏེ་དང་བླངས་ཞབས་ཞུ་དེ་བས་སེམས་རྩ་འཁོལ་དུ་བཏང་ཡོད། “དྲིལ་བརྡ”ཞབས་ཞུ་རུ་ཁག་གིས“5321”རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་མི་ཧྲེང་རྒན་རྒོན་དང་ཁེར་སྡོད་རྒན་རྒོན་ལ་ཆ་སྒྲིག་སེམས་ཁུར་དང་། དུས་བཀག་ལྟར་འཚམས་འདྲི། བདེ་ཐང་ལྟ་ཞིབ་ཚད་འཇལ། རིན་མེད་ཟ་འཐུང་སོགས་ཕྱོགས་ཡོངས་ཀྱི་ཞབས་འདེགས་ཞུས་ཤིང་། རིམ་རྩིས་བརྒྱབ་ན་སྒོ་རྩར་བསྐྱོད་ནས་ཞབས་འདེགས་ཐེངས་200ལྷག་ཙམ་ཞུས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རྒན་རྒོན་ལ་ལྟ་རྟོག་བྱས་པ་རེད།
ཞབས་ཞུ་དང་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།
རྒྱུན་མཐུད་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད། ད་ཆ་དོག་སྡེ་ཁྲོམ་གཞུང་གི་དང་བླངས་ཞབས་ཞུས་གཞི་རིམ་གྱི་ཆེད་ལས་སྟོབས་ཤུགས་དང་མི་སྣ་ཁ་ཐང་བའི་ཞན་ཆ་ནུས་ལྡན་ངང་བསལ་བ་དང་གནད་དོན་ཤེས་རྟོགས་དང་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ནས། ཁྲོམ་གཞུང་ཁྲིམས་འཛིན་ཁང་དེ་ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ་ལ་བདམས་ཐོན་བྱུང་ཡོད།
འགོ་འཛུགས་ས་གསར་པའི་ཐོག་ནས་དོག་སྡེ་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ཁྲིད་སྟོན་དུ་བྱེད་པ། ལས་སྟེགས་རིག་ལྡན་ཅན་རིམ་སྤོར་དང་། དཔུང་ཁག་ཆེད་ལས་ཅན་སྐྱེད་སྲིང་། ཞབས་ཞུ་རྣམ་གྲངས་ཅན་གསར་གཏོད། སྤུས་རྟགས་ནང་དོན་ཅན་གསར་གཏོད་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ། “དང་བླངས་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང”གི་མཉམ་འདྲེས་གཏིང་ཚད་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དང་བླངས་ཞབས་ཞུའི་དྲོ་སྐྱིད་ཆེན་པོ་ལས་གཞི་རིམ་བཅོས་སྐྱོང་ཞིབ་ཚགས་སུ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་གཞི་རིམ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད། (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་ཆེ་བ་དང་བུ་ཁྲིད་ཀྱིས་ཞུས)