འདི་ནི་མང་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་མེ་གསོད་སྒྲིག་ཆས་ཉམས་ལེན་བྱེད་བཞིན་པ།
འདི་ནི་དྲིལ་བསྒྲགས་པས་ས་གནས་ས་ཐོག་ཏུ་ཡོ་ཆས་སྣ་ཚོགས་སྤྱོད་སྟངས་སློབ་བཞིན་པ།
འདི་ནི་དྲིལ་བསྒྲགས་པས་མང་ཚོགས་ལ་ཡོ་ཆས་སྣ་ཚོགས་ཀྱི་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།
ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ཚན་པ་མང་པོ་དང་མཉམ་དུ་རྒྱལ་སྤྱིའི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེས་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་མི་སེམས་གཅིག་ཏུ་བསྡུ་བའི་དངོས་སྒྲུབ་བྱ་ཐབས་སྤྱད་དེ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་མེ་ཟོན་ཤེས་བྱ་མང་ཚོགས་ལ་གནད་ལ་འཁེལ་བའི་སྒོ་ནས་བརྒྱུད་བསྒྲགས་བྱས་ཏེ། དྲིལ་བསྒྲགས་ཀྱི་སྟོང་ཆ་ཏན་ཏིག་བསྐངས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པར་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།