01

མངའ་རིས་ཀྱིས་2026ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཁག་བཅུ་བཏོན་པ། 2026年02月19日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་ཏང་འཛུགས་སྐྱོང་གིས་ལས་དོན་ཁག་ལ་སྣེ་ཁྲིད་བྱེད་པའི”སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཨུད་ཀྱིས་2026ལོའི་ལོ་འཁོར་གྱི་ས་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ《2026ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཁག་བཅུ》ཞིབ་འཇུག་བྱས་ནས་བཏོན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་2026ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཁག་བཅུའི་ནང་། རྫོང་དང་ཤང་གི་འགོ་ཁྲིད་ཚན་ཁག་སྐབས་བརྗེའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རྒྱ་སྐྱེད་གཏོང་བ། “གསར་གཉིས”ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་ཤུགས་ཆེན་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྱོང་གི“ཧྲུའུ་ཅིའི་འདུ་འགོད”ཟབ་ཏུ་གཏོང་བ་སོགས་ཚུད་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ལྷག་ཚེས་ཞུས)