ཉེ་ཆར། ཧར་པིན་གངས་འཁྱགས་ཞིང་ཁམས་སྐབས་ཉེར་བདུན་པར་སྐུ་མགྲོན་མང་བའི་དུས་ལ་སླེབས་ཡོད། གླིང་ཁུལ་གྱི་ཉེ་འགྲམ་དུ་གནས་པའི་སུང་ཧྭ་གཙང་པོའི་ཧར་པིན་རྒྱུད་ཀྱི་གཙང་པོའི་ངོས་སུ་འཁྱགས་རྡོག་རྐོ་འདོན་ལས་ཀ་ཡོངས་སུ་འགོ་ཚུགས་ཤིང་། ལོ་ལྟར་ཧར་པིན་གངས་འཁྱགས་ཞིང་ཁམས་ཀྱིས་འཁྱགས་རྡོག་རྐོ་འདོན་དུས་ཚིགས་སྐབས་འཁྱགས་རྡོག་ཁག་གཅིག་གསོག་ཉར་བྱས་ཏེ། སྲོལ་རྒྱུན་གྱི་འཁྱགས་རྡོག་གསོག་ཉར་དང་དེང་རབས་རིམ་མང་དྲོད་སྲུང་ལག་རྩལ་ཕན་ཚུན་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། འཁྱགས་རྡོག་ལོ་གཅིག་ཙམ་མ་བཞུ་བ་བྱས་ནས། སྐབས་རྗེས་མའི་གངས་འཁྱགས་ཞིང་ཁམས་སྐྲུན་སྐབས་སྤྱོད་ཀྱི་ཡོད་པ་རེད། འདི་ནི་སུང་ཧྭ་གཙང་པོའི་ཧར་པིན་རྒྱུད་ཀྱི་གཙང་པོའི་ངོས་སུ་ལས་མིས་འཁྱགས་རྡོག་རྐོ་འདོན་བྱེད་བཞིན་པ།