02

པར་རིས་གསར་འགྱུར། 2026年02月05日

སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྤ་རྭ་གྲོང་ཚོའི་དུད་ཚང་133གྱི་ཡུལ་མིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གློག་སྤྱོད་སྐབས་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་མིར་གློག་སྐུད་ལ་སྲུང་སྐྱོང་གི་གློག་ཐག་སྒྲིལ་སྒ་སྤྲད་དེ་དུས་ཆེན་རིང་གློག་སྤྱོད་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད། འདི་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་ཡུལ་མིས་གློག་ཐག་སྒྲིལ་སྒ་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པ།