04

དཔྱིད་གསར་དུས་ཆེན་འཆར་ལ་ཉེ། ལོ་གསར་ཁྲོམ་ར་འཁྲུག་ཆ་དོད། 2026年02月01日

ཧུའུ་ནན།འདི་ནི་ཟླ་1ཚེས་28ཉིན། ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་ཧེང་ཏུང་རྫོང་ཝུའུ་ཅི་གྲོང་རྡལ་གྱི་ཞིང་ཟོག་ཁྲོམ་རར་གྲོང་མིས་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ།

ཅང་སུའུ།འདི་ནི་ཟླ་1ཚེས་28ཉིན། གྲོང་མིས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་ཚོང་ར་ཞིག་ཏུ་ལོ་གསར་གྱི་མཛེས་རྒྱན་མཁོ་ཆས་ཉོ་བཞིན་པ།

ཧོ་པེ།འདི་ནི་ཟླ་1ཚེས་27ཉིན་གྱི་དགོང་མོར། གྲོང་མིས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ལུའུ་ནན་ཆུས་ཀྱི་ཐང་ཧྲན་གསོལ་ཚིགས་ཞིམ་ཟས་ཁྲོམ་ར་སྐོར་བཞིན་པ།

དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ས་ཆ་ཁག་གི་ཁྲོམ་ར་འཁྲུག་ཆ་དོད་ཅིང་། གྲོང་མི་མང་པོ་ཞིག་གིས་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱས་ཏེ་དཔྱིད་གསར་དུས་ཆེན་དགའ་བས་བསུ་བཞིན་ཡོད།