ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་ཡི་ཏང་ཡོན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བསྐྱོད་དེ“ཏང་འཛུགས་སྐྱོང་གིས་དགུན་ཁར་དྲོ་སྐྱིད་སྦྱིན། ཞིབ་དཔྱོད་ཀྱིས་རྒན་རྒོན་ལ་བརྩེ་བ་སྦྱིན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཏང་འཛུགས་སྐྱོང་དང་ཞིབ་དཔྱོད་ལས་སྒོ་དེ་དམངས་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་གཏིང་ཟབ་ཀྱིས་ཏང་གི་ཐུགས་ཁུར་དང་ཁྲིམས་སྐྱོང་གི་བརྩེ་བ་མཚོན་པར་བྱས་ནས“མི་དམངས་ཞིབ་དཔྱོད་ཀྱིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི”ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་བྱས་པ་རེད།
འདི་ནི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་རྒན་རྒོན་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།