07

གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས། དགུན་དུས་རླངས་འཁོར་གྱི་ལྷུ་ལག་ལ་ཞིབ་བཤེར་བདག་སྐྱོང་བྱས་པ། 2026年01月21日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ས་མཐོའི་གྲང་ངར་ཆེ་བའི་དགུན་ཁར་དྲོད་ཚད་དམའ་བ་དང་། གསོ་རླུང་དཀོན་པ། ཁ་བ་བུ་ཡུག་འཚུབ་པ་སོགས་གནམ་གཤིས་ངན་པས་མེ་གསོད་རླངས་འཁོར་གྱི་ལྷུ་ལག་གི་ནུས་པར་ཤུགས་རྐྱེན་ཐེབས་པར་ཁ་གཏད་བཅག་སྟེ། ལས་འགན་སྒྲུབ་པའི་གྲ་སྒྲིག་སྒྲིག་ཆས་ཀྱི་ནུས་པ་བརྟན་དུ་གཏོང་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ལས་སྒྲུབ་རླངས་འཁོར་དང་དེའི་ལྷུ་ལག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བདག་སྐྱོང་བྱས་པ་རེད།

ཞིབ་བཤེར་བདག་སྐྱོང་ལས་དོན་སྤེལ་རིང་། ཡན་ལག་རུ་ཁག་གིས་དང་ཐོག་རླངས་འཁོར་ལ་ཆེད་དོན་བདག་སྐྱོང་བྱས་ནས་ས་མཐོའི་དགུན་ཁའི་ཉེན་ཁར་དམིགས་ཏེ། སྒུལ་བྱེད་འཕྲུལ་འཁོར་དང་། བཀག་གཏོང་མ་ལག ཆུ་མདའ་སོགས་ལྷུ་ལག་ཆེ་ཆུང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། དེ་ནས་ཡོ་བྱད་དང་སྒྲིག་ཆས་རིགས་དབྱེ་བདག་སྐྱོང་བྱ་ཐབས་ལག་ལེན་བསྟར་ཏེ“ཐོན་རྫས་གཅིག་ལ་ཐབས་ཇུས་རེ”གཞིར་བཟུང་། འཐབ་ས་གཙོ་བོའི་སྒྲིག་ཆས་གཙང་མ་བཟོ་བ་དང་དྲོད་ཚད་དམའ་བའི་འཁོར་སྒུལ་བྱེད་ནུས་ལ་ཚོད་ལྟ་བྱས་པ་དང་སྦྲགས། འཕྲིན་གཏོང་སྒྲིག་ཆས་ལ་དྲོད་སྲུང་ཤུབས་གཡོགས་ཡོད། དེ་ནས་ཡང་བསྐྱར“གསོ་སྐྱོང་གིས་སྦྱོང་བརྡར་གྱི་ཚབ་བྱེད་པ”ཁྱབ་གདལ་བཏང་ནས་ཆེད་སྒྲུབ་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་སྲུང་སྐྱོང་བྱེད་ཀྱིན་སློབ་ཁྲིད་བྱས་ནས་སྒྲིག་ཆས་ལག་རྩལ་པ་གཙོ་གནད་ཐོག་གསོ་སྐྱོང་བྱས་པ་རེད།

ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་བདག་སྐྱོང་ལས་དོན་སྤེལ་བ་བརྒྱུད། མེ་གསོད་རླངས་འཁོར་སྣ་ཚོགས་310དང་ལྷུ་ལག་3410ལྷག་ཙམ་ལ་ཞིབ་བཤེར་བྱས་ནས“རླངས་འཁོར་གཅིག་ལ་ཡིག་ཚགས་གཅིག་དང་འཕྲུལ་ཆས་གཅིག་ལ་གཱ་གཅིག”གི་བདག་སྐྱོང་ཡིག་ཚགས་བཟོས་པ་དང་། རིམ་རྩིས་བརྒྱབ་ན་སྦུག་ལམ་རྙིང་པ་ཆགས་པ་དང་། གློག་སྐུད་ཡག་པོ་མཐུད་མེད་པ། འཁོར་ལོའི་ཕུ་མི་འདང་བ་སོགས་གནད་དོན་གྱི་མི་མངོན་པའི་རྐྱེན་ངན་ཁག་28ཤེས་རྟོགས་ཐུབ་པ་དང་སྦྲགས་དག་ཐེར་བྱས་པ་དང་། ལྷུ་ལག་ཆེ་ཆུང་རྙིང་པ་12བརྗེས་ནས་སྒྲིག་ཆས་ཆ་ཚང་པོས་ཡག་པོ་སྤྱོད་པ་དང་བདེ་འཇགས་བློས་འགེལ་ཐུབ་པར་འགན་ལེན་བྱས་པ་རེད།