འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གོ་འཇོ་རྫོང་སྲིད་གཞུང་གཞུང་ལས་ཁང་གིས“གསལ་ཐོ་བཞིའི”གནད་སྨིན་ཞབས་ཞུ་དང་ལེགས་བསྡུས་ཅན་གྱི་སྐར་ཁུང་འཛུགས་པར་དམ་འཛིན་བྱས་ཏེ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཀྱི་སྣ་འདུས་ཐབས་བཟང་སྤྱད་ནས་སྲིད་དོན་ཞབས་ཞུར་གདེང་འཇོག་བཟང་པོ་ཐོབ་ཚད་98.6%ལ་སླེབས་རྒྱུར་སྐུལ་འདེད་བཏང་བས། ཁེ་ལས་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་སོང་སྟེ། རྫོང་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་རམ་འདེགས་བྱས་ཡོད།
ཁེ་ལས་དང་མང་ཚོགས་རྣམས་ལས་དོན་མང་པོ་སྒྲུབ་དགོས་པའི་དགོས་མཁོར་དམིགས་ནས། གོ་འཇོ་རྫོང་གིས“གསལ་ཐོ་བཞིའི”དམིགས་འབེན་ཤུགས་འདོན་གྱི་ལས་དོན་སྤེལ་ཡོད། ཁེ་ལས་ཀྱི་དུས་འཁོར་ཧྲིལ་པོ་དང་མི་སྒེར་གྱི་ལས་དོན་སྒྲུབ་པའི་ལྷུ་ཚིགས་གལ་ཆེན་ལ་དམིགས་ཏེ། “སྒྲུབ་ཐེངས་གཅིག”གི་ལེགས་བསྡུས་ཞབས་ཞུའི་གསལ་ཐོ་11བཏོན་ནས་འབྲེལ་ཡོད་ལས་དོན་6783བསྒྲུབས་པ་དང་། ཚན་པ་18ཀྱི་ལས་དོན་163རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་བསྒྲུབ་རྒྱུར་སྐུལ་འདེད་བཏང་བས། རིམ་རྩིས་བརྒྱབ་ན་ལས་སྒོ་ཁྲི་3ལྷག་ཙམ་བསྒྲུབས་ནས་སྲིད་དོན་ཞབས་ཞུ“སྐར་ཁུང་གཅིག་ཏུ་སྒྲུབ”ཐུབ་པ་བྱུང་ཡོད།
གོ་འཇོ་རྫོང་གིས་དེའི་རྨང་གཞིའི་ཐོག་སྐར་ཁུང་གི་བཀག་རྒྱ་སྔར་བས་བསལ་ནས“ཉིན་མཚན་དབྱེར་མེད་ཀྱི་རང་སྒྲུབ་ཁུལ་1དང་། ཕྱོགས་བསྡུས་སྐར་ཁུང་ཆེན་པོ་1 ཆེད་ལས་ཀྱི་ཕྱོགས་བསྡུས་སྐར་ཁུང་ཆུང་ངུ་N”བཅས་ཀྱི་ཞབས་ཞུའི་རྣམ་པ་བཏོད་པའི་ནང་ཕྱོགས་བསྡུས་སྐར་ཁུང་ཆེན་པོས་ལས་སྒོ་85བསྒྲུབས་ཟིན་ཞིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་བསྐོས་ལས་ཚབ་པས་རིམ་རྩིས་བརྒྱབ་ན་ཞབས་ཞུ་ཐེངས་900ཙམ་བསྒྲུབས་ཡོད།
ཞབས་ཞུའི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱ་ཆེད། གོ་འཇོ་རྫོང་གིས་གདེང་འཇོག་དང་ཐ་སྐྱོང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། “གདེང་འཇོག་ཡག་ཉེས”དང་12345ཐད་འབྲེལ་ཁ་པར་ཤར་གཏོང་བྱས་ཏེ། རིམ་རྩིས་བརྒྱབ་ན“གདེང་འཇོག་ཡག་ཉེས”624འབྱོར་ནས་12345ཐད་འབྲེལ་ཁ་པར་གྱིས་དུས་ཐོག་ཏུ་ལས་དོན་སྒྲུབ་ཚད་100%ཟིན་པ། “སྒྲུབ་མི་ཐུབ་པའི་བྱ་བ”ཞེས་པའི་སྐར་ཁུང་བཀོད་སྒྲིག་བྱས་ནས། མང་ཚོགས་ཀྱི་བློ་འདྲི་80ལྷག་ཙམ་བདག་སྤྲོད་བྱས་པ་དང་། “དྲ་གཅིག་ཀུན་སྒྲུབ”ཀྱི་ནུས་པ་ཆེ་རུ་བཏང་བ། སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་དོན་དག་ཁྲི་1.6ཙམ་བདག་སྤྲོད་བྱས་པ། དུས་ཐོག་ཏུ་ལས་དོན་སྒྲུབ་ཚད་99%ཟིན་པ། གློག་རྡུལ་ལག་ཁྱེར་2000ཙམ་སྤྲད་པ་བཅས་རེད།