06

ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས། ཁོངས་གཏོགས་ཁུལ་གྱི་ཆུ་ལམ་སྐྱེ་ཁམས་སྲུང་སྐྱོང་གི་སྤུས་འབྲས་ལེཌ་གཏོང་ལ་སྐུལ་འདེད་བཏང་བ། 2026年01月21日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས“ཁོར་ཡུག་སྲུང་སྐྱོང་གི་གཉེར་པའི”གནད་སྨིན་ཞབས་ཞུ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་སྣ་འདུས་ཐབས་བཟང་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཆུ་ལམ་སྐྱེ་ཁམས་སྲུང་སྐྱོང་གི་སྤུས་འབྲས་ལེགས་གཏོང་མངོན་འགྱུར་ཡོང་བར་བྱས་ཏེ། ལྷ་སའི“ཆུ་བཟང་གྲོང”གི་འཐབ་ཇུས་ལ་བརྟེན་ནས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་ལེ་ལྔའི་ཆུ་ལམ་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་མཐར་བཅོས་སྒྲིག་གསལ་ཐོ་བཏོན་ནས་འབྱུང་རྩ་ནས་སྦགས་བཙོག་མེད་པར་བཟོས་པ་རེད། དུས་མཚུངས“ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཡིག་རེའུ་མིག”བཟོས་ནས། ཁེ་ལས་ཀྱི་བཙོག་འབུད་གནས་ཚུལ་འཕྲལ་དུ་ཤེས་པར་བྱས་པ་དང་། “རྒྱུན་ལྡན་གྱི་སྐོར་ཞིབ་དང་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཟུང་འབྲེལ”བྱས་པ་བརྒྱུད་ཁེ་ལས་170ལྷག་ཙམ་ལ་ཁོར་ཡུག་སྲུང་སྐྱོང་གི་མངོན་མེད་རྐྱེན་ངན་70ལྷག་ཙམ་བཅོས་སྒྲིག་བྱེད་པར་བཅུག་པ་རེད།