03

རྩོམ་བསྡུའི་གསལ་བརྡ། 2026年01月18日

ད་ལོ་ནི་ངེད་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་བཀྲ་ཤིས་རྫོགས་ལྡན་གྱི་ལོ་ཞིག་རེད། ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ང་ཚོས་ཏང་གི་མགྲིན་ཚབ་པ་དང་། ཏང་དང་མང་ཚོགས་ཀྱི་འབྲེལ་ཟམ་ཡག་པོ་ཞིག་བྱས་ཏེ། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གསར་འགྱུར་དྲིལ་བསྒྲགས་ཀྱི་སྟོབས་ཤུགས་སྐྱེས་སུ་གང་ལེགས་ཕུལ་ཡོད། མཚམས་འདིར། ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། འདི་ག་ཚགས་པར་གྱི《རྩོམ་རིག་དགའ་ཚལ》དང《འཚོ་བའི་བར་མཐོངས》ཀྱི་པར་ངོས་སུ《ང་དང་བོད་ལྗོངས་ཉིན་རེའི་ཚགས་པར》དང《འཕྲིན་སྤེལ་བ་རྒན་གྲས་ཀྱི་གཏམ་རྒྱུད》ཅེས་པའི་ལེ་ཚན་གཏོད་རྒྱུ་ཡིན་པས། ལྷན་རྒྱས་ནས་རང་གི་མྱོང་བ་ལྷུག་པོར་གླེང་བའི་བརྩམས་ཆོས་གང་མང་བསྐུར་གནང་རྒྱུའི་རེ་བ་ཞུ་རྒྱུ་མ་ཟད། སྔ་ཕྱི་བར་གསུམ་དུ་ང་ཚོའི་གསར་འགྱུར་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།