07

ས་དགའ་རྫོང་གིས། ནོར་ལུག་གི་རིམས་འགོག་དཔེ་ལེན་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བ། 2026年01月14日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ས་དགའ་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་ཚོགས་ཆུང་བཙུགས་ཏེ། ཤང་གྲོང་ཁག་ཏུ་བསྐྱོད་ནས་ནོར་ལུག་གི་རིམས་འགོག་དཔེ་ལེན་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བ་དང་། བཙན་སྐུལ་རིམས་འགོག་ནད་རིགས་ཀྱི་རིམས་འགོག་ཕན་འབྲས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ནས་སྲོག་ཆགས་ཀྱི་རིམས་ནད་གལ་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་གང་ལེགས་བསྒྲུབས་པ་རེད།

དཔེ་ལེན་ལས་དོན་ནི་གོང་རིམ་ལས་སྒོ་གཙོ་གཉེར་སྡེ་ཚན་གྱི་བླང་བྱ་ལྟར། ཤང་གྲོང་གཙོ་དང་སྲིད་འཛིན་གྲོང་ཚོ་བྱེ་བྲག་ཏུ་བྱས་ནས་བབ་བསྟུན་འཐེན་བཤེར་གྱི་ཐབས་ལམ་སྤྱད་ཅིང་། དཔེ་ལེན་གྱི་དུས་ཚོད་སྟངས་འཛིན་དང་དྭངས་ཁྲག་དབྱེ་ཕྲལ་བྱེད་པ་ནས་འདྲ་དཔེ་ཉར་ཚགས་དོ་དམ་དང་གཅིག་གྱུར་བཤེར་སྐྱེལ་བཅས་བྱེད་པའི་བར་གྱི་ཚད་ལྡན་ཅན་གྱི་ཚད་གཞི་ལག་བསྟར་ནན་པོ་བྱས་ཡོད། ད་རེས་ཀྱི་དཔེ་ལེན་ཐད་2025ལོ་འཁོར་གྱི་སྲོག་ཆགས་ཀྱི་རིམས་ནད་གལ་ཆེན་བཙན་སྐུལ་རིམས་འགོག་ཕན་འབྲས་ཀྱི་དཔྱད་དཔོག་ལ་གཞིགས་ཏེ་དུས་མཉམ་དུ་འབྲེལ་ཡོད་རིམས་ནད་གྲལ་བཤེར་བྱས་པ་དང་། རིམ་རྩིས་བརྒྱབ་ན་ནོར་ལུག་གི་ཟུངས་ཁྲག་འདྲ་དཔེ་102འཚོལ་བསྡུ་བྱས་ཡོད། མིག་སྔར། འཚོལ་བསྡུ་བྱས་པའི་འདྲ་དཔེ་ཡོངས་བླང་བྱ་ལྟར་གཞིས་རྩེ་གྲོང་ཁྱེར་གྱི་སྲོག་ཆགས་རིམས་ནད་གལ་ཆེན་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བསྐྱལ་ནས་ཞིབ་བཤེར་ཚད་ལེན་བྱེད་ཀྱི་ཡོད་པ་རེད།