04

པར་རིས་གསར་འགྱུར། 2026年01月13日

ཉེ་ཆར། གསར་འགོད་པར་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ནས་ཤེས་རྟོགས་བྱུང་བར། 2025ལོར་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་14ལྷག་ཙམ་ཟིན་ནས་ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་དེའང་གོ་ལ་ཧྲིལ་པོའི་ལོ་རེའི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་14ལས་བརྒལ་བའི་གྲུ་ཁ་ཆེ་གྲས་དང་པོར་གྱུར་ཡོད།འདི་ནི་2026ལོའི་ཟླ་1ཚེས་8ཉིན་པར་བརྒྱབ་པའི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཁྲོན་ཧྲན་གྲུ་ཁའི་ཁུལ་ཡིན་པ།