ལོ་གཅིག་གི་གོང་། པར་ཆས་ནང་མངོན་པ་ནི་ཞིག་རལ་དུ་གྱུར་པའི་རྗེས་ཤུལ་དང་རོགས་སྐྱོར་བྱེད་མཁན་གྱི་གཟུགས་བརྙན་གྱིས་ཁེངས་ཤིང་། ལོ་གཅིག་གི་རྗེས། མིག་ལམ་དུ་འཆར་བ་ནི་བསྐྱར་སྐྲུན་བྱས་རྗེས་ཀྱི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་འཚོ་བ་རེད།
དེ་སྔའི་མཐིང་མདོག་གི་གུར་དེ་དག་ད་ཆ་གྲལ་སྟར་འགྲིག་པའི་ཁང་བཟང་དུ་གྱུར་པ་དང་། དེ་སྔའི་ཉེན་སེལ་བགྲོད་ལམ་དག་ད་ཆ་ཁོད་སྙོམས་པའི་ཨར་འདམ་ལམ་དུ་གྱུར་པ། དེ་སྔའི་ཉེན་སེལ་དངོས་ཟོག་སྤུངས་ས་ད་ཆ་རིམ་སྤོར་བྱས་པའི་མཉམ་ལས་ཁང་དང་ཚད་གཞི་མཐོ་བའི་ཞིང་ཁར་གྱུར་ཡོད།
འཕོ་འགྱུར་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་ལས་བྱུང་བ་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་ལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་འགན་ཐེག་པ་ཁུར་ལེན་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་རེད།
གསོན་ཤུགས་དང་སྐྱེ་སྟོབས་སླར་ཡང་རྒྱས་པ་དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་དམིགས་བསལ་གྱི་ལེགས་ཆ་མཚོན་ཡོད་ལ། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་ཀྱང་དེ་བས་མཚོན་ཡོད།