04

མི་རིགས་ཀྱི་ཁྱད་ཆོས་གནའ་ཉམས་ལྡན་ལ་བབ་ཆགས་ཤིང་དར་སོ་ཆེ་བ། 2025年12月26日

ལོ་གཅིག་དུས་གཅིག་གི་ཏུང་རིགས་ལོ་གསར་ཤར་བ་དང་། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་ཀྱི་རི་ཁུལ་དུ་གནས་པའི་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་སྡེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་སླེབས་ནས་གནའ་ཉམས་ལྡན་ལ་བབ་ཆགས་པའི་རི་ཁུལ་གྱི་ཏུང་རིགས་གྲོང་སྡེར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲའོ་ཤིང་ཏུང་རིགས་གྲོང་སྡེས་མཛེས་ལྗོངས་ཀྱི་ལེགས་ཆར་བརྟེན་ནས་ཏུང་རིགས་ཀྱི་གཞས་ཆེན་འཁྲབ་སྟོན་རུ་ཁག་འཕེལ་རྒྱས་བཏང་སྟེ་རིག་གནས་འགྲེམ་འཁྲབ་དང་མེ་ཕུང་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་རེད། འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་སྡེར་ཏུང་རིགས་སྤུན་ཟླ་དང་སྐུ་མགྲོན་ཚོས་ཏུང་རིགས་ཀྱི་ལོ་གསར་སྐབས་ཀྱི་སྒྲོག་ཙེ་རིང་མོའི་གསོལ་སྟོན་ལ་ཞུགས་ནས་ཞིམ་ཟས་ཀྱི་བྲོ་བ་མྱོང་བཞིན་པ།