ཟླ་12ཚེས་23ཉིན་གྱི་ཐོ་རེངས་སུ་ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་ལམ་ཐིག་དཀྱིལ་མའི་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་འབབ་ཚུགས་བྱང་མར་འཁྲིད་པའི་ལས་གྲྭའི་དུས་མཚམས་གཉིས་པའི་འབབ་ཚུགས་སྒྱུར་བཀོད་ཀྱི་རིམ་པ་Iཡི་ཨར་ལས་བདེ་བླག་ངང་ལེགས་གྲུབ་ཟིན་ཞིང་། ད་ཐེངས་ཀྱི་ཨར་སྐྲུན་ལས་འགན་དེ་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པ་དང་། ཁྲུང་ཆིང་བཟོ་གློག་དུམ་བུ། ཁྲེང་ཏུའུ་གློག་དོན་ཉམས་བཟོ་དུམ་བུ་སོགས་ཚན་པ་མང་པོའི་ལས་མི་1200ལྷག་ཙམ་གྱིས་སྐར་མ་1050འབད་བརྩོན་བྱས་ནས་ལེགས་པར་བསྒྲུབས་ཡོད།འདི་ནི་ཟླ་12ཚེས་22ཉིན་ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་ལམ་ཐིག་དཀྱིལ་མའི་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་འབབ་ཚུགས་བྱང་མར་འཁྲིད་པའི་ལས་གྲྭའི་ལས་ཡུལ་དུ་བཟོ་པས་འཕྲུལ་ཆས་ཆེ་གྲས་བཀོལ་སྤྱོད་བྱེད་བཞིན་པ།