02

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་Aརིགས་ཀྱི་ཕག་པའི་བཤས་ར་ཐོག་མ་སྤྱོད་འགོ་ཚུགས་པ། 2025年12月22日

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་Aརིགས་ཀྱི་ཕག་པ་བཤས་ར་ཐོག་མ་དེ་གསུམ་འཛོམས་གྲོང་རྡལ་དུ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེ་ཐོག་ནས་སྤོ་བོ་རྫོང་གིས་ཕག་པ་བཤས་གཏོང་ཚད་ལྡན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་གོམ་པ་དང་པོ་སྤོས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བཤས་རའི་རྣམ་གྲངས་དེར་མ་དངུལ་བསྡོམས་སྒོར་ཁྲི་2700བཏང་བ་དང་འཆར་གཞི་བྱས་ན་ཉིན་རེར་ཕག་པ་མགོ་གྲངས་300བཤས་གཏོང་རྒྱུ་ཡིན་ཞིང་། དེར་དེང་རབས་ཅན་དང་ཁོར་ཡུག་སྲུང་སྐྱོང་རྣམ་པའི་ཕྱོགས་བསྡུས་གཉེར་སྐྱོང་ཆ་རྐྱེན་འཛོམས་ཡོད་པ་རེད། བཤས་ར་སྤྱོད་འགོ་ཚུགས་པ་དེས་སྤོ་བོ་རྫོང་ཁོངས་ཀྱི་ཕག་པ་བཤས་གཏོང་བའི་མ་གནས་དང་ཁྲོམ་རའི་ཤའི་རིན་གོང་དམའ་རུ་ནུས་ལྡན་ཕྱིན་ནས་ཤ་རིགས་ཐོན་རྫས་ཀྱི་འཁོར་རྒྱུག་ལས་ཆོད་དང་བཟའ་བཅའི་བདེ་འཇགས་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། ཚེ་སྒྲོལ་དང་ཕུར་སྒྲོན་གྱིས་ཞུས)