02

ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས། ཕྱི་རྒྱལ་བ་རྒྱལ་ནང་དུ་འཛུལ་བའི་གཱ་དྲ་ཐོག་ནས་ཐོ་འགོད་ཀྱི་སྒྱུར་བཅོས་བྱེད་ཐབས་ཕྱོཌ་ཡོངས་ནས་ཁྱབ་སྤེལ་བཏང་བ། 2025年12月20日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཕྱི་རྒྱལ་བ་རྒྱལ་ནང་དུ་འཛུལ་བའི་གཱ་དྲ་ཐོག་ནས་ཐོ་འགོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་དངོས་སུ་སྤེལ་འགོ་ཚུགས་ཡོད། བྱེད་ཐབས་དེ་ནི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་སྟབས་བདེ་ངང་ཡོང་བའི་ཐད་ཀྱི་དགོས་མཁོར་བརྡ་ལན་བསློགས་པ་དང་འགག་སྒོའི་འགག་སྒྲོལ་གྱི་ཕན་ནུས་ཆེ་རུ་གཏོང་ཆེད་ཁྱབ་སྤེལ་བཏང་བའི་སྒྱུར་བཅོས་གལ་ཆེན་ཞིག་ཀྱང་རེད།

སྲིད་ཇུས་གསར་པ་བདེ་བླག་ངང་ལག་བསྟར་ཐུབ་ཆེད། ལྷ་ས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཕྱོགས་གཅིག་ནས་མ་ལག་རིམ་སྤོར་དང་དབང་ཚད་བཀོད་སྒྲིག་དུས་ཐོག་ཏུ་ལེགས་གྲུབ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁོངས་སུ་འཛུལ་སརWiFiམང་དུ་གཏོང་བ་དང་། དྲིལ་བསྒྲགས་བརྡ་ཁྱབ་དང་རྩ་གཉིས་ཨང་རྟགས་སྦྱར་བ། འཕྲལ་སྡོམ་ཨང་བཤེར་སྒྲིག་ཆས་བསྒར་ཏེ་འགྲུལ་པ་འབྱོར་མ་ཐག་ཐོ་འགོད་དང་མགྱོགས་མྱུར་འགག་སྒྲོལ་གྱི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་ཐུབ་པར་བྱས་ཡོད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)