མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་རིང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ནུས་པ་གང་ལེགས་ཐོན་པར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སློབ་འབྲིང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“མི་རིགས་མཐུན་སྒྲིལ”གྱི་སློབ་གསོའི་བརྗོད་དོན་གཙོ་བོའི་སློབ་ཚན་འཚོགས་པ་རེད། བོད་སྐྱོར་དགེ་རྒན(དཀྱིལ་གྱི་མིག་ཤེལ་བརྒྱབ་པ)དང་སློབ་མའི་དབར་སྤེལ་རེས་འཁྲུག་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་བརྒྱུད་སྤྲོད་བྱེད་པའི་དོན་སྙིང་གལ་ཆེན་ལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་འདུ་ཤེས་སློབ་མའི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ནས། ལྗོངས་ཕྱི་ནང་གི་སློབ་གསོ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།