ཉེ་ཆར། རྒྱལ་ཁབ་གློག་དྲ་སྤོ་བོ་རྫོང་གློག་འདོན་ཀུང་སིས་ཏང་ཡོན་གདོང་ལེན་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཁྲོམ་གཞུང་གི་ཐང་ཆེན་དང་། ཇ་ཁང་། སྡེ་ཁུལ། སློབ་གྲྭ་སོགས་མི་ཚོགས་སྟུག་སར་བསྐྱོད་དེ“མེ་སྐྱོན་སྔོན་འགོག་དང་། གློག་འདོན་འགན་ལེན། དུས་བདེར་སྐུལ་འདེད”བཅས་བརྗོད་དོན་གཙོ་བོར་བྱས་ནས་སྒྲོག་འགྲེལ་ལས་དོན་སྤེལ་ཏེ་མང་ཚོགས་ལ་དགུན་དུས་གློག་སྤྱོད་སྐབས་བདེ་འཇགས་ལ་དོགས་ཟོན་དང་མེ་སྐྱོན་མི་ཐོན་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། འདི་ནི་རྒྱལ་ཁབ་གློག་དྲ་སྤོ་བོ་རྫོང་གློག་འདོན་ཀུང་སིའི་ལས་དོན་པས་ཇ་ཁང་གི་སྦྱིན་བདག་དང་ལས་དོན་པར་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ་བདེ་འཇགས་ངང་གློག་སྤྱོད་དགོས་པའི་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།