2025ལོའི་ཟླ་7པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་ཨུད་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་གྱིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ངལ་རྩོལ་པར་གཅེས་སྐྱོང་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་མལ་གྲོ་གོང་དཀར་རྫོང་ངལ་རྩོལ་པའི་ས་ཚུགས་ཀྱིས“གནམ་གཤིས་གྲང་དུས་ཚ་ཕོག་རྒྱག་ས་དང་། གནམ་གཤིས་ཚ་བ་ཆེ་དུས་ཚ་གཡོལ་བྱེད་ས། དཀའ་ལས་ཁག་ཚེ་ངལ་གསོ་ས། རྨས་སྐྱོན་ཕོག་ཚེ་སྨན་བཅོས་བྱེད་ས”བཅས་ཀྱི་ཞབས་ཞུའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་རྒྱུན་གཏན་གྱི་ཞིབ་ཕྲའི་བྱེད་སྟངས་ལས་མངོན་པར་བྱས་ཏེ། མང་ཚོགས་ལ་དངོས་འབྲེལ་སྟབས་བདེ་བསྐྲུན་ཡོད་པ་རེད།
རྒྱ་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་ས་ཚུགས་སུ་ཨར་སྐྲུན་བཟོ་པ་ལི་ཆེ་གེ་མོས་ལག་ཏུ《བདེ་འཇགས་ཐོན་སྐྱེད་ཀྱི་ལག་དེབ》བཟུང་སྟེ། ཞ་སྨྱུག་གིས་མི་ཤེས་པའི་དཀའ་གནད་ལ་རྟགས་རྒྱག་བཞིན་འདུག འདུམ་འགྲིག་ཁང་གིས་རྩོད་གཞི་ཁག་4བདེ་བླག་ངང་ཐག་གཅོད་བྱས་པ་དང་གླ་ཆའི་རྩོད་གཞི་ནས་རྒྱུན་གཏན་གྱི་ཁ་རྩོད་བཅས་ཚང་མ་དེ་གར་ཐག་གཅོད་ཐུབ་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
“ཏང་རྩ་འཛུགས་ཡོད་པས་བློ་བདེ་པོ་འདུག” མལ་གྲོ་གུང་དཀར་རྫོང་གི་ངལ་རྩོལ་པའི་ས་ཚུགས་སྐོར་གླེང་སྐབས་ཡུལ་གཞན་ནས་ཡོང་བའི་ཐང་ཤིན་ཅུས་མལ་གྲོ་གུང་དཀར་རྫོང་དུ་ཐོག་མར་ཡོང་སྐབས་ངས་ཏང་ཡོན་གྱི་དཔང་ཡིག་ལག་ཏུ་བཟུང་ནས་གང་དུ་སྐྱོད་དགོས་མིན་མི་ཤེས་པར་ལུས་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གུང་དཀར་གྲོང་རྡལ་གྱི་ཕྱོགས་མི་ཏང་ཀྲི་པུའི་ལས་དོན་པས་ཉིན་གཉིས་པར་རང་འགུལ་ངང་ངར་འབྲེལ་བ་བྱས་པ་མ་ཟད། ད་དུང“སླད་ཕྱིན་ས་ཚུགས་ནི་རང་གི་ཁྱིམ་དང་གཅིག་པ་རེད”ཅེས་བཤད་བྱུང་ཞེས་མིག་ལ་མཆི་གཞག་འཁོར་བཞིན་བཤད། ད་ཆ་ཁོ་མོ་རྟག་ཏུ་ས་ཚུགས་སུ་ཡོང་ནས་དཔེ་དེབ་ལེགས་སྒྲིག་བྱེད་རོགས་བྱེད་པ་ཟད། སྐབས་འགར་ད་དུང་གསོ་སྦྱོང་ལ་ཞུགས་པས་དེ་ག་ནི་རང་ཉིད་ཀྱི་ཁྱིམ་དང་གཅིག་པ་ཡིན་པའི་ཚོར་སྣང་ཡོང་གི་ཡོད།
མལ་གྲོ་གུང་དཀར་རྫོང་ཨུད་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་གྱིས་ད་དུང་ངལ་གསོ་ཁུལ་དུ་དེ་བས་སྐྱིད་སྣང་དོད་པའི་རྒྱབ་སྙེས་མང་དུ་གཏོང་བ་དང་གསོ་སྦྱོང་ཁུལ་དུ་གློག་བཟོ་བ་དང་ཁྱིམ་ལས་སོགས་དངོས་སྤྱོད་སློབ་ཚན་མང་དུ་གཏོང་རྩིས་ཡོད་པས། ས་ཚུགས་ནི“ངལ་གསོ་ས”དང་“ཞབས་ཞུའི་ས་ཚུགས”ཤིག་ཡིན་པ་མ་ཟད། དེ་བས་ངལ་རྩོལ་པར་མཐུན་རྐྱེན་སྦྱོར་བའི“སེམས་ཤུགས་འཕེལ་ས”དང་མི་སེམས་གཅིག་སྒྲིལ་གྱི“སེམས་སྦྲེལ་ས་ཚིགས”ཤིག་ཡིན། ས་ཚུགས་དེ“བྱ་བ་དངོས་སྒྲུབ་པའི་ཞབས་ཞུའི་ས་ཚུགས” དང“ཁེ་དབང་སྲུང་སྐྱོང་གི་སྲུང་སྐྱོང་ས་ཚུགས”སུ་རིམ་བཞིན་འགྱུར་བར་བྱས་ནས། ངལ་རྩོལ་པ་ཚང་མར་འབད་འཐབ་ཀྱི་ལམ་བུར་ནམ་ཡང་དྲོ་སྐྱིད་ཚོར་བ་བྱེད་ཀྱི་ཡོད།