02

ཉིང་ཁྲི་གྲོང་ཁྱེར་གྱིས་མཐོ་རིམ་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོའི་གླེང་སྟེགས་སྐབས་གཉིས་པ་གཉེར་བ། 2025年12月13日

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དུས་ཡུན་ཉིན་2ཡིན་པའི་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོའི་གླེང་སྟེགས་སྐབས་གཉིས་པ་ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་འབྲིང་དུ་འགོ་ཚུགས་ཤིང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་མཐོ་རིམ་སློབ་འབྲིང་དང་། ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོ། ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་སོགས་ནས་ཡོང་བའི་ཀུན་སྤྱོད་སློབ་གསོའི་རྐང་འཛིན་པ་དང་ཕུལ་བྱུང་འཛིན་བདག་གིས་མཉམ་དུ་སློབ་ཁྲིད་མི་སྐྱོང་གི་ཐབས་ལམ་སྐོར་ལ་གྲོས་བསྡུར་བྱས་པ་རེད།

ད་ཐེངས་ཀྱི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་སློབ་གྲྭ་ཁག་དབར་ཀུན་སྤྱོད་སློབ་གསོའི་ལས་དོན་སྤེལ་རེས་ཀྱི་ལས་སྟེགས་བཙུགས་ཏེ་སློབ་གསོའི་ཐོན་ཁུངས་རྩེ་གྲ་མཉམ་སྤྱོད་བྱས་ནས་ཀུན་སྤྱོད་སློབ་གསོའི་ལས་དོན་གསར་གཏོད་དང་སྤུས་ཚད་མཐོར་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་རེད།