02

2025年12月09日

ཉེ་ཆར། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་རྡོག་ཐོན་མཛད་སྒོ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་འཚོགས་པ་རེད། ད་ཐེངས་རང་ལྗོངས་ཀྱི་འཐུས་མི་ཚོགས་པར་འཐུས་མི་104ཡོད་པའི་ནང་ལུས་རྩལ་པ་73ཁག་བགོས་ཏེ་ཀོང་ཏུང་གི་ས་ཆ་ཁག་ལ་བསྐྱོད་ནས་མཆོང་རྒྱུག་འཕེན་གསུམ་དང་ལྗིད་འདེགས་སོགས་འགྲན་བསྡུར་ཁག་9ཡི་ནང་ཞུགས་རྒྱུ་ཡིན་ཞིང་། འདི་ནི་རྡོག་ཐོན་མཛད་སྒོ་འཚོག་ཡུལ་ཡིན་པ།