04

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་ལྕགས་ལམ་སྐྱེལ་འདྲེན་ འགོ་ཚུགས་པ། 2025年10月01日

འདི་ནི་ཟླ་9ཚེས་29ཉིན་ཡུལ་སྐོར་བས་ཧར་པིན་འབབ་ཚུགས་སུ་མེ་འཁོར་སྒུག་བཞིན་པ།

འདི་ནི་ཟླ་9ཚེས་29ཉིན་ཡུལ་སྐོར་བས་ཀྲེ་ཅང་ཅིན་ཧྭ་འབབ་ཚུགས་སུ་གོ་རིམ་ལྡན་པའི་ངང་མེ་འཁོར་ནང་འཛུལ་བཞིན་པ།

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་ལྕགས་ལམ་སྐྱེལ་འདྲེན་ཟླ་9ཚེས་29ཉིན་ནས་འགོ་ཚུགས་པ་དང་། ཟླ་10ཚེས་10ཉིན་ནས་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཁྱོན་དུས་ཡུན་ཉིན་12ཡིན་པ་རེད།