03

གཏམ་དཔེ་རྣ་བའི་བུ་རམ། 2025年08月17日

※ དཀར་ནག་དབྱེ་བ་འབྱེད་དགོས།

ཐག་ནག་མདུད་པ་དགྲོལ་དགོས།

※ དཀའ་ལས་ཁོག་མས་བརྒྱབ།

དངོས་གྲུབ་གཟར་རུས་བླངས།

※ སྐྱ་རེངས་ཤར་ཁའི་མུན་པ།

དཔྱིད་ཀ་ཤར་ཁའི་གྲང་ངར།

※ རྐང་ཡ་མེད་པར་ཞབས་བྲོ་རྒྱག

ལག་ཡ་མེད་པར་ཕྱག་རྒྱ་བྱེད།

※ ཁ་ཆེ་རུང་སྣ་ཡི་འོག

ཆུ་ཆེ་རུང་ཟམ་པའི་འོག

※ ཁབ་སྐུད་བརྗེ་པོ་རྒྱག་དོན།

ཚོང་ཆང་ཞིག་གི་ལྟོགས་སླ་རེད།

※ མགོ་ན་བའི་སྒང་ལ་ཁུ་ཚུར།

མིག་ཚ་བའི་སྒང་ལ་ཐལ་བ།

※ བརྙབས་ན་ལག་པ་འཚིགས།

བཏང་ན་རྫ་མ་ཆག །

※ ཐང་བདེ་དུས་ཨ་ལ་ཐ་ལ།

འགག་དོག་དུས་བཛྲ་གུ་རུ།

※ འདྲིས་ཆེ་ན་སེང་གེ་ཁྱི་ཡིས་སྨད།

ཐག་ཉེ་ན་མིག་གི་རྫི་མ་མཐོ།

※ ནམ་མཁའ་ཆར་མེད་འབྲུག་སྐད་ཆེ།

ལུང་པ་ཆུ་མེད་འུར་སྒྲ་ཆེ།

※ སྣ་ཐག་མེད་པ་འབྲོང་དང་འདྲ།

ཁ་ལོ་མེད་པ་རྐྱང་དང་འདྲ།

※ བྱིས་པས་དག་ཡིག་ཁ་ནས་སྐྱོར།

མ་དག་ཡི་གེ་ལག་པས་བྲིས།

※ ཟ་བའི་དུས་ལ་འགྲམ་ཚིགས་བུད།

འགྲོ་བའི་དུས་ལ་རྐང་རྩ་འཆུས།

※ གཏམ་འདོད་བོང་བུར་བཞོན་ནས།

རྐང་མཐིལ་ས་ལ་དྲུད་སོང་།