འདི་ནི་རྟ་ཐོག་ནས་མདའ་འཕེན་བཞིན་པ།
འདི་ནི་རྟ་པས་རྟ་རྩལ་ངོམ་བཞིན་པ།
ཉེ་ཆར། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། རྟ་རྩལ་འགྲན་ནས་ཏང་གི་དྲིན་ལ་བསྟོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཉང་ཆུའི་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་གཉེར་བ་རེད།
སྒྱུ་རྩལ་དུས་ཆེན་རིང་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད། ད་དུང་རྡོ་འགྱོགས་པ་དང་རྟ་ཐོག་ནས་མདའ་འཕེན་པ་སོགས་སྲོལ་རྒྱུན་མི་རིགས་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱས་པ་དང་། བྲག་ཡིབ་ཆུས་ཀྱི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་རྟ་པ་ཚོས་ཁྱད་དུ་འཕགས་པའི་རྟ་རྩལ་ངོམས་ཏེ་ལྟད་མོ་བར་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།