འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲོང་མིའི་བཟའ་བཏུང་གི་སྤུས་ཚད་མཐོ་རུ་གཏོང་ཆེད། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོས་གྲོང་ཚོ་ཨུ་ལྷན་གྱི་ཟ་ཁང“དྲོ་སྐྱིད་ཟ་ཁང”ལ་སྒྱུར་བཀོད་བྱས་ནས་ཉེ་ཆར་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། “དྲོ་སྐྱིད་ཟ་ཁང”དུ་ཉིན་ལྟར་དགུང་ཟས་དང་དགོང་ཟས་ཡོད་པ་མ་ཟད། ཆེད་ལས་མ་བྱན་གྱིས་གྲོང་མིའི་དགའ་ཕྱོགས་དང་འཚོ་བཅུད་ཀྱི་དགོས་མཁོར་གཞིགས་ནས། གཟའ་འཁོར་རེར་ཚན་རིག་དང་མཐུན་པའི་ཚལ་ཐོ་བཟོས་ཏེ་ཁ་ལག་སྣ་ཁ་འཛོམས་ཤིང་བྲོ་བ་ཞིམ་པ་དང་འཚོ་བཅུད་ལྡན་པར་བྱེད་ཀྱི་ཡོད་པ་རེད། གཞན་ཡང་། ཟ་ཁང་གིས་འགུལ་སྐྱོད་ལ་སྟབས་བདེ་མེད་པའི་རྒན་འཁོགས་དང་། གཟུགས་གཞི་ཐང་པོ་མེད་པའི་གྲོང་མི། ནད་པ། དབང་པོ་སྐྱོན་ཅན་ལ་དམིགས་ནས་སྒོ་རྩར་ཁ་ལག་རིན་མེད་དུ་སྐྱེལ་གྱི་ཡོད་པ་རེད།
ཟ་ཁང་གིས“གཅེས་སེམས་ཁ་ལག” གི་སྐར་ཁུང་བཙུཌ་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རིན་གོང་བཅག་སྟེ། ཁོང་ཚོའི་འཚོ་བའི་ཁུར་པོ་ཡང་དུ་གཏོང་གི་ཡོད།