06

རྣམ་གླིང་རྫོང་གིས་རྨོ་ཞིང་མུའུ་ཁྲི་13.2ཀྱི་ཆུ་དཀོན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་པ། 2025年07月25日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རྣམ་གླིང་རྫོང་གིས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཆུ་བཅོས་ཆུ་དར་གྱི་བསམ་བློ་ལག་ལེན་ཧུར་ཐག་བསྟར་ནས་གོ་སྐབས་ལ་དམ་འཛིན་ནན་པོ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་གཙོ་གནད་ལས་འགན་ཁག་གི་དམིགས་ཚད་དོན་འཁྱོལ་བྱེད་པ་དང་། དམངས་འཚོའི་ཆུ་བེད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཆུ་བེད་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ནས། རྨོ་ཞིང་མུའུ་ཁྲི་13.2ཀྱི་ཆུ་དཀོན་པའི་གནད་དོན་དང་མི་ཐེངས་ཁྲི་1.6ལྷག་ཙམ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད།

ཆུ་དར་ན་རྒྱལ་ཁབ་དར། ཆུ་བདེ་འཇཌ་བྱུང་ན་མི་དམངས་བདེ་འཇགས་ཡོང་། རྣམ་གླིང་རྫོང་ཆུ་བེད་ཁོངས་གཏོགས་ཀྱིས་ལས་གྲྭའི་རང་བཞིན་གྱི་ཆུ་དཀོན་པའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་རྐང་འཛིན་པའི་ཆུ་འགོའི་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤངས་ཆུའི་ཆུ་མཛོད་དང་རྩེ་གདོང་ཆུ་མཛོད་སོགས་ཆུ་མཛོད་3བསྐྲུན་ནས་ཆུ་མཛོད་ཀྱི་ཤོང་ཚད་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་11447.86ཟིན་ཡོད། རྣམ་གྲངས་དེ་ལས་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་ཀྱང་འཕར་ཡོད།

དེ་དང་ཆབས་ཅིག ལས་གྲྭའི་བྱ་ཐབས་གཙོ་བོར་བྱེད་པ་དང་ལས་གྲྭ་མིན་པའི་བྱ་ཐབས་གཞོགས་འདེགས་སུ་བྱས་ཏེ་རྣམ་གླིང་རྫོང་གིས་ར་ཐང་ཤང་གི་ལྷ་ཕུ་ཕུ་ཆུ་བཅོས་སྐྱོང་ལས་གྲྭ་དང་། རྫོང་ཁུལ་དུམ་བུའི་ཆུ་རགས་བརྟན་གཏོང་དང་སྣུར་སྲིང་ལས་གྲྭ་སོགས་རྣམ་གྲངས་17ལག་ལེན་བསྟར་འགོ་བཙུགས་ཏེ། ཆུ་ཡུར་དང་ཤྭ་འོད་རོང་ཤུར་སྤྱི་ལེ་73བཅོས་སྐྱོང་བྱས་པས། གནོད་འཚེའི་ཉེན་ཁའི་ཁུལ་གྱི་ཁྱབ་ཁོངས་རིམ་བཞིན་ཆུང་དུ་ཕྱིན་ནས་ཤྭ་འོད་ཀྱི་གནོད་འཚེའི་གནས་ཚུལ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་མེད་པ་རེད། (ཚེ་དབང་ལྷ་མོས་བསྒྱུར། བསོད་བདེ་གཞོན་པས་ཞུས)