07

ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་སྡེ་ཁུལ་གྱིས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བརྗོད་དོན་གཙོ་བོའི་སློབ་ཚན་ཁྲིད་པ། 2025年07月23日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བཀོལ་སྤྱོད་ནུས་པ་ཆེ་རུ་བཏང་ནས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་སྐྲུན་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་སྡེ་ཁུལ་གྱི་དྲ་མིག་པས་དགེ་རྒན་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བརྗོད་དོན་གཙོ་བོའི་སློབ་ཚན་ཁྲིད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཚན་ཐོག་རྒྱལ་གླུའི་གླུ་ཚིག་འཇུག་གཞིར་བྱས་ནས་མཉམ་འགུལ་སློབ་ཁྲིད་དང་ཆོབ་ཚ་བའི་ལག་ལེན་གྱི་རྣམ་པ་སྤྱད་དེ། གྲོང་མིའི་སློབ་སྦྱོང་གི་དགའ་ཞེན་འཕེལ་བར་བྱས་པ་རེད། དགེ་རྒན་གྱིས་ད་དུང་སྐོར་སྐྱོད་མཛུབ་སྟོན་དང་ཕུལ་བྱུང་སྦྱོང་ཚན་འགྲེམས་སྟོན་བྱས་ཏེ། གྲོང་མིས་རྒྱ་ཡིག་ཡག་པོ་འབྲི་ཐུབ་པར་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཚན་གྱིས་གྲོང་མི་ཚོར་རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ་བསླབས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་ཁོང་ཚོའི་གདེང་ཚོད་ཆེ་རུ་བཏང་ཡོད་པ་རེད།