འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། འདམ་ཞུང་རྫོང་ཆུ་བེད་ཅུས་ཀྱིས་འཕྲལ་སྡོམ་དོ་དམ་ཅུས་སོགས་རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ། 2025ལོའི་ཆུ་ལོག་གི་གནོད་འཚེ་འགོག་པའི་དངོས་འཐབ་ནང་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་ནི་ཆུ་ལོག་གི་གནོད་འཚེ་འགོག་པའི་བརྒྱུད་རིམ་ཧྲིལ་པོར་དམིགས་ནས་བྱས་པ་རེད། ཉེན་ཟོན་སྔོན་བརྡ་དང་ལེན་བྱེད་པ་ནས་གནམ་གཤིས་དང་། ཆུ་བེད། འཕྲལ་སྡོམ་སོགས་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་ཤར་བགྲོད་ཐུབ་མིན་དང་ཕན་ནུས་ཆེ་ཆུང་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་དང་། གནས་སྤོ་ཉེན་གཡོལ་བྱེད་པ་ནས་ཉེན་ཁ་ཆེ་བའི་ཁུལ་གྱི་མང་ཚོགས་མགྱོགས་མྱུར་གནས་སྤོའི་ལམ་ཐིག་དང་བཀོད་སྒྲིག་ས་ཚིགས་ཀྱི་བསྡུ་ལེན་འགན་སྲུང་ནུས་པར་དམིགས་སུ་བཀར་ནས་ནང་སྦྱོང་བྱས་པ། ཉེན་སེལ་རྒུད་སྐྱོབ་བྱེད་པ་ནས་དངོས་འཐབ་ནུས་པ་མངོན་གསལ་དོད་དུ་བཏང་སྟེ། གློག་ཤུགས་དང་། འཕྲིན་གཏོང་། སྨན་བཅོས་སོགས་འགག་རྩའི་འཕྲལ་སྡོམ་འགན་ལེན་དུས་ཐོག་ཏུ་དམིགས་སར་འབྱོར་རྒྱུར་འགན་ལེན་བྱས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་བརྒྱུད། ཉེན་སེལ་མི་སྣའི་དངོས་འཐབ་རྩལ་ནུས་ལ་སྦྱོང་བརྡར་གང་ལེགས་ཐེབས་པ་དང་། འཕྲལ་སྡོམ་དཔུང་ཁག་གི་འཕྲལ་དུ་བྱ་སྤྱོད་སྤེལ་བའི་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཆུ་ལོག་སྔོན་འགོག་གི་ཉེན་སེལ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་། དངོས་སྤྱོད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལའང་ཞིབ་བཤེར་ཐུབ་ཡོད།