ན་ནིང་ལོ་མཇུག་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམ་འཛིན་བྱས་ཏེ། “ཏང་དར་འོག་གི་དམ་བཅའ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་འཛུགས་སྐྱོང་གི་རྩ་སྲ་རྨང་བརྟན་གྱི་བྱ་སྤྱོད་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་པ་དང་། “ཐོག་མའི་བསམ་འདུན་ལག་བསྟར་དང་། ཧེ་བག་འཚོལ་བ། བྱ་བ་དངོས་སྒྲུབ་པའི”གཙོ་རྐང་ལ་དམིགས་ནས་སྡེབ་གཅིག་ལ་བཀོད་སྒྲིག་སྐུལ་གཏོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་པ་མ་ཟད། ཁྲེང་ཀོན་ཆུས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ལ་སྤྱོད་ཚུལ་ལེགས་གཏོང་དང་། འགན་འཁྲི་ནན་འཁུར། དངོས་སྒྲུབ་ལ་སྣང་ཆེན་བཅས་ཀྱི་སྣེ་ཁྲིད་ཀྱང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཁྲེང་ཀོན་གསར་པ་བསྐྲུན་པར་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།
བློ་སེམས་དཀར་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་སྐྱེད་སྲིང་བྱས་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བྱེད་སྒོར“ཐོག་མའི་བསམ་འདུན་ལག་བསྟར”གཙོ་བོར་བཞག་ནས། མི་སེམས་ལ་ཟུག་པའི་སློབ་གསོ་རྒྱག་སྟངས་གསར་གཏོད་ངང་སྤེལ་ནས་དད་མོས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད། ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དོན་འཁྱོལ་ནན་པོ་བྱས་ཏེ། ཆབ་སྲིད་སློབ་གསོ་དང་ཏང་གཤིས་ཞུན་བརྡར་སོགས་ཀྱི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་མཉམ་འདྲེས་བྱས་པ་དང་། “ཁྲེང་ཀོན་སློབ་ཁང”དང“ཧྲུའུ་ཅིའི་གླེང་སྟེགས”སོགས་ཀྱི་གཞི་རྟེན་གསར་པ་བསྐྲུན་ནས་བྱེད་སྒོ་སྤེལ་ཚུན་ཏང་ཡོན་མི་ཐེངས་5800ལ་རེས་སྐོར་སྦྱོང་བརྡར་བྱས་པ་རེད། ཁག་དང་པོའི་ཏང་ཡོན་དང་ཏང་ཀྲི་པུའུ་སོགས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ལྷ་སའི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཀྲི་པུའུ་ཡི་གནས་ཡུལ་རྙིང་པ(དྲན་གསོ་ཁང)སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
བྱེད་སྒོ་སྤེལ་བ་ནས་བཟུང་། ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་སློབ་སྦྱོང་དང་། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་སོགས་ཀྱི་བྱེད་སྒོ་ཐེངས་258སྤེལ་བ་མ་ཟད། ཐོག་མའི་བསམ་འདུན་མཉམ་སྤྱོད་ཚོགས་འདུ་དང་། འཆད་ཁྲིད། དེ་བཞིན“ཏང་དར་འོག་གི་དམ་བཅའ”ཞེས་པའི་གཏམ་བཤད་དང་གླུ་ལེན་འགྲན་བསྡུར་ཐེངས་98སྤེལ་བ་རེད།
ཁྱད་འཕགས་ཀྱི་འཇོན་ཐང་དང་རྩལ་ནུས་ལ་སྦྱོང་བརྡར་སྤྲས་པ།
ཏང་གཤིས་ནི་ཏང་ཡོན་ལས་བྱེད་པ་རང་ཚུགས་ཐུབ་པ་དང་བྱ་གཞག་སྒྲུབ་པའི་རྨང་རྡོ་ལྟ་བུ་ཡིན། ཏང་གཤིས་ཆེ་རུ་གཏོང་དགོས་ན། གྲི་དངོ་རང་གཏད་དང་རུས་གཞོག་དུག་བཅོས་ཀྱི་བློ་སྟོབས་ལ་བརྟེན་ནས་རང་ངོས་ལ་དབྱེ་ཞིབ་ཟབ་མོ་དང་རང་ངོས་གསར་བརྗེ་བྱེད་དགོས་ཤིང་། དེ་ལྟར་བྱས་ན། ད་གཟོད་ཁྱད་འཕགས་ཀྱི་ཏང་གཤིས་ལ་སྦྱོང་བརྡར་སྤྲོས་ཐུབ།
ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་ཐུབ། དོ་དམ་ནན་པོ་བྱེད་པ་ནི་གཅེས་སེམས་ཟབ་མོ་བཅངས་པ་རང་རེད། ཁྲེང་ཀོན་ཆུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུཌ་བྱས་ནས། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་སྒྲིག་ཁྲིམས་སོགས་དང་ལྟ་བསྡུར་བྱས་ཏེ། ཆབ་སྲིད་ཀྱི“བརྟག་དཔྱད”ནན་པོ་བྱས་ཤིང་། སྒྲིག་ཁྲིམས་དང་གཏན་འབེབས་ལ་བརྩི་སྲུང་ཞུ་བ་སོགས་ཐད་ཀྱི་ཧེ་བག་ལ་གཙོ་གནད་དུ་འཚོལ་བཤེར་བྱས་ཏེ། གཞི་རིམ་ཏང་ཨུད་ཀྱི་ཆབ་སྲིད་ཀྱི“བརྟག་དཔྱད”སྙན་ཞུ་ཁག་11གྲུབ་ཡོད། ཁྲེང་ཀོན་ཆུས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས“ཕྱི་མིག་བལྟས”ཏེ་གནད་དོན་ཁག་460བཤེར་འདོན་བྱས་པ་དང་གནད་དོན་ཁག་280འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཡོད། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་པོར་དམིགས་ཏེ་ལས་ཀ་མི་བྱེད་པའི་སྣང་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། “གཞི་རིམ་དུ་སྐྱོད་པ་བཞི”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་འཚོལ་བཤེར་གཏིང་ཟབ་ཐེངས་265བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་ལེན་དོན་ཚན་ཁག་38གཙོ་གནད་དུ་བཞག་པ་དང་། ལམ་ལུགས་གསར་པ་ཁག་107བཟོས་ཏེ། “གནད་དོན་གྱི་གསལ་ཐོ”དེ“ཕན་འབྲས་ཀྱི་གསལ་ཐོར”བསྒྱུར་བར་སྐུལ་འདེད་བཏང་ཡོད།
དངོས་སྒྲུབ་ལས་ལ་གཞོལ་ནས་དམངས་ལ་ཕན་བདེ་བསྐྲུན་པ།
“སྲིད་སྐྱོང་གི་འགག་རྩ་ནི་དམངས་སེམས་བདེ་འགོད་ལ་རག་ལས་པ་དང་། དམངས་སེམས་བདེ་འགོད་ཀྱི་ཐབས་ལམ་ནི་སྐྱིད་སྡུག་རྟོག་ཞིབ་ལ་རག་ལས”ཡོད། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པས“མང་ཚོགས་བློ་ཡིད་ཚིམ་མིན་དང་། དགའ་པོ་ཡོད་མེད། ཁས་ལེན་མིན” བཅས་ནི་སྲིད་དོན་ལས་རྗེས་ཀྱི་རྩ་བའི་ཚད་ཤིང་དུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རིང་འཕེལ་རྒྱས་ཀྱི་འཕར་རྩར་རེག་ཐུབ་པ་དང་། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་རིང་སྲིད་འཛིན་གྱི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ནས། ལས་བྱེད་པའི་གྲུབ་འབྲས་ངོ་མས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་བདེ་སྐྲུན་དགོས།
ཁྲེང་ཀོན་ཆུས་ཀྱིས“ཏང་དར་འོག་གི་དམ་བཅའ” ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོར་བརྟེན་ནས། ཏང་ཡོན་ལས་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་ཐོག་མའི་བསམ་འདུན་ལ་སྦྱོང་བརྡར་སྤྲས་པ་དང་། ཁྱད་དུ་འཕགས་པའི་རྩལ་ནུས་ཞུན་བརྡར་བྱས་ཏེ་དམངས་འཚོའི་ཕན་བདེ་ཆེ་རུ་བཏང་ཡོད། འཚོལ་ཞིབ་བྱས་ནས་གྲུབ་པའི“བདེ་སིམ་གྱི་སློབ་གསོ+རྩ་བཞི་འཚོལ་བཤེར+གནད་སྨིན་བྱ་བ་དངོས་སྒྲུབ”བཅས་ཀྱི་ལས་ཀ་བྱེད་སྟངས་ཀྱིས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། དེ་བཞིན་ཏང་འཛུགས་སྐྱོང་དང་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཁྲེང་ཀོན་གསར་པ་བསྐྲུན་པར་གདོང་ལེན་གྱི་སྟོབས་ཤུགས་མུ་མཐུད་གཅིག་ཏུ་བསྒྲིལ་ཡོད། (གནམ་ཕྱུག་རྒྱལ་དང་བདེ་དབང་གིས་སྒྱུར་ཞུས་བྱས)