འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱིས“ཏང་དར་འོག་གི་དམ་བཅའ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱིས“ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་། ཧེ་བག་འཚོལ་བ། བྱ་བ་དངོས་སྒྲུབ་པ”བཅས་ཀྱི་སྤྱིའི་བླང་བྱ་དང་དཔེ་བསྡུར་བྱས་ནས་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་སྤེལ་བ་དང་། ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དངོས་སྒྲུབ་ལ་མཐོང་ཆེན་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། དོག་སྡེ་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
“རྒན་གཅིག་གཞོན་གཅིག”གི་ཞབས་ཞུ་ལེགས་སུ་བཏང་སྟེ། ལྷོ་ངོས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་ཆེད་ལས་སྤྱི་ཚོགས་ལས་བཟོས་ཉིན་རེར་ཆ་སྙོམས་རྒན་རྒོན་30ལ་ཞབས་འདེགས་ཞུ་བ་དང་། གསང་ཡིབ་སྡེ་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན“རྒྱལ་ཁབ་ཀྱི་སྲོལ་རྒྱུན་རིག་གཞུང་རིག་གནས་སློབ་ཚན”དང“སྒྲ་སྙན”བཀོད་སྒྲིག་བྱས་ཏེ། བྱིས་པ་མི་ཐེངས་3000ལྷག་ཙམ་ལ་ཟུར་ཁྲིད་བྱས་ནས་གུང་གསེང་རིང་བཅོལ་གཉེར་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱེད་པ། “ཁུ་བྱུག་གི་གསུང་སྙན”ཞེས་པའི་སྡེ་ཁུལ་ཟ་ཁང་གི་ཁ་ལག་བཟོ་བའི་ཚད་གཞི་ལེགས་སུ་བཏང་སྟེ། རྒན་རྒོན་དང་། བྱིས་པ། ལས་ཞུགས་ཚོགས་སྤྱི་གསར་པ་སོགས་ལ་གཟིགས་སྐྱོང་བྱེད་པ། ཁེར་སྡོད་རྒན་རྒོན་ལ་ཁ་ལག་བསྐྱལ་ནས་དམིགས་བསལ་ཚོགས་སྤྱིའི་ཁ་ལག་གི་གནད་དོན་ཐག་གཅོད་བྱེད་པ། “ངས་དམངས་ལ་བྱ་བ་དངོས་སྒྲུབ་པ”གཏིང་ཟབ་ཏུ་བཏང་སྟེ། དྲ་མིག་བས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་རྣམ་ཅན་གྱི་སྒོ་ནས་བསྡུ་རུབ་བྱེད་པར་བརྟེན་ནས་ཞབས་ཞུ་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་འགན་ལེན་བྱེད་པ། མཉམ་སྡོད་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བཅའ་སྡོད་བྱ་ཡུལ་གྱི་སྡེ་ཚན་དང་མཉམ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་དམངས་འཚོའི་རྣམ་གྲངས་འགག་སྒྲོལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཡོད།