འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ལད་མོའི་ཚོད་ལྟ་དང་མ་ལག་བརྗེ་རེས་ཐེངས་མང་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་གྱི་མི་སྒེར་གྱི་ཡིད་རྟོན་ཉམས་ཞིབ་རྩད་བཤེར་གྱི་གྲོན་དངུལ་དམའ་རུ་གཏོང་བའི་ལས་དོན་ལེགས་གྲུབ་བྱུང་ཡོད།
2025ལོའི་ཟླ་7ཚེས་1ཉིན་ནས་ཡིད་རྟོན་ཉམས་ཞིབ་ཞབས་ཞུའི་གྲོན་དངུལ་བསྡུ་ཚད་དམའ་རུ་ཤུགས་ཆེན་བཏང་ཞིང་། དེའི་ནང་མི་སྒེར་གྱིས་ལས་སྟེགས་ནས་རང་ཉིད་ཀྱི་ཡིད་རྟོན་སྙན་ཞུ་རྩད་བཤེར་བྱེད་དགོས་ཚེ་ལོ་རེར་ཐེངས་གཉིས་ལ་རིན་པ་མི་དགོས་པ་དང་། ཐེངས་གསུམ་པ་ནས་ཐེངས་རེར་གྲོན་དངུལ་བསྡུ་ཚད་སྒོར་10ནས་སྒོར་5ལ་བཅག་པ་མ་ཟད། ཤོག་བུའི་གྲོན་དངུལ་དང་པར་འདེབས་གྲོན་དངུལ་སོགས་གྲོན་དངུལ་གཞན་དག་ཀྱང་ལོགས་སུ་བསྡུ་ཆོག་གི་མེད་པ་དང་། མི་སྒེར་གྱིས་མཉམ་སྦྲེལ་དྲ་རྒྱ་བརྒྱུད་རང་ཉིད་ཀྱི་ཡིད་རྟོན་སྙན་ཞུ་རྩད་བཤེར་བྱས་ནའང་རིན་པ་དགོས་ཀྱི་མེད།
ཡིད་རྟོན་ཉམས་ཞིབ་རྩད་བཤེར་གྱི་གྲོན་དངུལ་དམའ་རུ་གཏོང་བ་ནི་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་སྔར་བས་དམའ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་ཞིབ་ཕྲ་ཞིག་རེད། ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དང་ལེན་ཧུར་ཐག་བྱས་ཏེ། དངུལ་རྩའི་དམངས་ཕན་སྲིད་ཇུས་ལས་ཕྱོད་ཆེན་པོས་དོན་འཁྱོལ་བྱས་ནས་དམངས་འཚོ་དང་དངུལ་རྩའི་ཞབས་ཞུ་ཡོངས་སུ་མཉམ་འདྲེས་ཐུབ་པ་དང་སྤྱི་ཚོགས་ཀྱི་ཡིད་རྟོན་ཁོར་ཡུག་ཡག་པོ་གཏོད་པར་རམ་འདེགས་བྱས་ཡོད།