07

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྙེ་མོ་ཤང་གིས། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་བྱས་པ། 2025年07月11日

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྙེ་མོ་ཤང་གིས“གསར་བརྗེའི་ཆབ་མདོ། དར་རྒྱས་ཡར་འཕེལ”ཞེས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་བྱས་པ་རེད།

འགྲན་བསྡུར་བྱ་ཡུལ་གྱི་བསླས་འཐག་ཁུལ་དུ་བདམས་ཐོན་པས་བྱང་ཆུབ་པོས་ལྕང་མའི་ཡལ་ག་རེ་རེ་ཕན་ཚུན་བརྒྱུས་ནས་ལས་ལ་བྲེལ་ཞིང་། གང་ཙམ་སོང་རྗེས། བཟོ་ལྟ་མི་འདྲ་བ་དང་སྤུས་དག་གོ་ཆོད་ཀྱི་སླེལ་པོ་རེ་རེ་བསླས་གྲུབ་ཡོད། རྐོས་དཀྲོལ་ལག་ཤེས་ཁུལ་དུ་བདམས་ཐོན་པས་ཁྱད་དུ་འཕགས་པའི་ལག་རྩལ་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་ལ་དགའ་གུས་དང་དེ་བཞིན་གསར་བརྗེའི་ལོ་རྒྱུས་ཀྱི་དྲན་ཤེས་མཚོན་པའི་བརྩམས་ཆོས་བཞེངས་ཡོད། བདམས་ཐོན་པའི་རྩལ་ནུས་བྱང་ཆུབ་པ་དང་གོ་རིམ་རེ་རེ་ཚགས་ཚུད་པ་མ་ཟད། ཡུལ་ལུང་དེ་གའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་དང་རྒྱུན་འཛིན་བྱེད་སྟངས་གསོན་ཉམས་དོད་པོས་མངོན་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)