03

དབུ་དཀར་ཏང་ཡོན་རྒན་གྲས་སྡེ་ཁུལ་བཅོས་སྐྱོང་གདོང་ལེན་རུ་ཁག་གི་རུ་མིར་གྱུར་པ། 2025年06月30日

↑པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་ཏུང་ཀོ་ཏི་ཁྲོམ་གཞུང་དུ་ཁུལ་ཆུང་རྙིང་པ་དང་ཁེ་ལས་གཅིག་སྡུད་ཆེ་ཞིང་། སྡེ་ཁུལ་དུ་རྒན་ཡོལ་ཞུས་པའི་ཏང་ཡོན་6402ལྷག་ཙམ་ཡོད། ཏུང་ཀོ་ཏི་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་རྒན་ཡོལ་ཞུས་པའི་ཏང་ཡོན་གྱིས་གཙོ་བོར་བྱེད་པའི་དང་བླངས་ཞབས་ཞུའི་ཚོགས་པ་བརྒྱ་ཙམ་བཙུགས་པ་མ་ཟད། རྒན་ཡོལ་ཞུས་པའི་ཏང་ཡོན་1000ལྷག་ཙམ་རྒྱུན་དུ་སྡེ་ཁུལ་གྱི་རྒན་རྒོན་ལ་རོགས་རམ་ཞབས་ཞུའི་བྱེད་སྒོར་ཞུགས་ཏེ་སྡེ་ཁུལ་བཅོས་སྐྱོང་གདོང་ལེན་རུ་ཁག་གི་རུ་མིར་གྱུར་ཡོད། འདི་ནི་ཏུང་ཀོ་ཏི་ཁྲོམ་གཞུང་ཏང་ཡོན་རྒན་གྲས་ཀྱི་ཞབས་ཞུ་དང་བླངས་རུ་ཁག་གི་རུ་མིས་ལོ་87ལ་སླེབས་པའི་མི་ཧྲེང་རྒན་རྒོན་ལི་ཀོང་ཅུན་(གཡོན)གྱི་ཁྱིམ་དུ་ལྟ་བར་ཡོང་བ།