06

པར་རིས་གསར་འགྱུར། 2025年06月25日

ཉེ་ཆར། ཞིང་ལས་ལག་རྩལ་འགན་གཙང་འགན་ལེན་པ་ཟངས་རི་རྫོང་གི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ས་བོན་ཞིང་ཁ་དང་། ལྗང་མདོག་ཐོན་མཐོའི་ཕན་ཆེའི་ཞིང་ཁ་འཛུགས་སྐྲུན། “ས་གཞི་ཆེན་པོ་པད་ཁ་ཨང་95པ”སོགས་ཞིང་ལས་སྐྱེ་དངོས་ལ་བརྟག་དཔྱད་ཞིབ་འཇུག་དང་། ནད་འབུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ལག་རྩལ་ལ་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལ་བདེ་འཇགས་ཀྱི་ཞིང་སྨན་སྤྱོད་སྟངས་དང་། ནད་འབུའི་གནད་འཚེ་འགོག་བཅོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འབྲེལ་ཡོད་ཤེས་བྱ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ངོ་སྤྲོད་བྱས་ཤིང་། འདི་ནི་ཞིང་ལས་ལག་རྩལ་འགན་གཙང་འགན་ལེན་པ་དང་ཟངས་རི་རྫོང་གི་མང་ཚོགས་ཀྱིས་ཞིང་ནང་དུ་ནས་ཀྱི་ནད་འབུའི་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པ།