རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ་འཆར་ཉེའི་མཚམས་འདིར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཁྲང་ཤིང་ཡན་ལག་ཅུས་ཀྱིས་རྒྱལ་ཁབ་གློག་དྲ་ཧུའུ་ཀྲོའུ་གློག་གཏོང་ཀུང་སི་དང་མཉམ་དུ་ཧུའུ་ཀྲོའུ་ཁྲང་ཤིང་ལས་རིགས་སློབ་གསོ་ཚོགས་པའི་ཀྲི་ཧྲན་སློབ་ཁུལ་དུ་བསྐྱོད་དེ་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། དང་བླངས་པ་ཚོས་ལྗང་མདོག་ཐཱན་ཉུང་གི་སྒྲོག་འགྲེལ་མཉམ་འགུལ་དང་། རླུང་ཁམས་ཆེན་པོའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་སློབ་སྦྱོང་དང་ལྟ་སྐོར། ཐཱན་བརྡར་པའི་དཔེ་དབྱིབས་གསལ་འགྲེལ། ཐཱན་ཉུང་གཏོང་གི་རོལ་རྩེད་ཉམས་ལེན་སོགས་ཀྱི་བྱ་ཐབས་བརྒྱུད། གཞོན་ནུ་ལོ་ཆུང་ཚོར་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། འདི་ནི་ཧུའུ་ཀྲོའུ་ཁྲང་ཤིང་ལས་རིགས་སློབ་གསོ་ཚོགས་པའི་ཀྲི་ཧྲན་སློབ་ཁུལ་གྱི་སློབ་མ་ཚོས་ཐཱན་ཉུང་གྲོང་ཁྱེར་གྱི་དཔེ་དབྱིབས་ལ་བལྟས་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ལྗང་མདོག་ཐཱན་ཉུང་བེད་སྤྱོད་སྟངས་ཤེས་རྟོགས་བྱེད་བཞིན་པ།