ཧི་མ་ལ་ཡའི་སྤྲེའུ་མཇུག་རིང་ནི་ཀྲུང་གོའི་མངའ་ཁོངས་སུ་གྲངས་འབོར་ཉུང་ཞིང་། གཙོ་བོ་བོད་ལྗོངས་ལྷོ་རྒྱུད་ཀྱི་མེ་ཏོག་དང་། གྲོ་མོ། སྐྱིད་གྲོང་སོགས་ཀྱི་ནགས་ཁུལ་དུ་གནས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཡིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་ཡོད། སྤྲེའུ་མཇུག་རིང་རྟག་ཏུ་རི་ནས་བབས་ཏེ་གྲོང་མི་དང་ཡུལ་སྐོར་བའི་འཁྲིས་སུ་བསླེབས་པ་དེ་དམིགས་བསལ་གྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། འདི་ནི་གྲོ་མོ་རྫོང་གི་གཞུང་ལམ་ཞིག་གི་འགྲམ་དུ་ཡུལ་སྐོར་བས་སྤྲེའུ་མཇུག་རིང་དང་མཉམ་དུ་པར་རྒྱག་བཞིན་པ།