03

འོད་ཤུགས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། 2025年06月23日

ཉེ་བའི་ལོ་ཤས་རིང་། ཉིང་ཞ་ཝུའུ་ཀྲོང་གྲོང་ཁྱེར་ཐུང་ཤིན་རྫོང་གིས་ས་གནས་དེ་གར་ཉི་འོད་ཕོག་ཡུན་རིང་བའི་ལེགས་ཆར་བརྟེན་ནས་གྲོང་མིའི་ཐོག་ཁ་དང་སྒོ་རའི་ས་སྟོང་དུ་འོད་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གློག་བཏང་ནས་དྲ་རྒྱ་སྤྱོད་པ་དང་ཐོབ་ཆ་བགོ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད། ཟླ་6པའི་ཟླ་དཀྱིལ་བར། ཐུང་ཤིན་རྫོང་གི་ཤང་གྲོང་12ཀྱི་གྲོང་ཚོ་114ལ་འོད་ཤུགས་སྒྲིག་སྦྱོར་བྱས་པ་དང་དྲ་སྦྲེལ་ནས་གློག་གཏོང་ཚད་བསྡོམས་ཀྲའོ་ཝ་96.573ཟིན་གྱི་ཡོད་པ་རེད།

འདི་ནི་ཉིང་ཞ་ཐུང་ཤིན་རྫོང་ཧོ་ཤིས་གྲོང་རྡལ་ཐུང་ཏེ་གྲོང་ཚོ་ཡིན་པ་དང་། གྲོང་ཚོ་དེར་བསྐྲུན་ཟིན་པའི་འོད་ཤུགས་ཡོངས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།