02

“རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས”ཞེས་པའི་བར་བཅུག་རི་མོའི་སྒྱུ་རྩལ་འགྲེམས་སྟོན་འགོ་ཚུགས་པ། 2025年06月23日

ཉིན་ཤས་གོང་། “རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས”ཞེས་པའི་ལི་མེན་གྱི་བར་བཅུག་རི་མོའི་སྒྱུ་རྩལ་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཀྲུང་གོ་ཉིན་རེའི་ཚགས་པར་གྱི་མཐོང་ཚོར་ལྟེ་གནས་ཀྱི་མཐོ་རིམ་རྩོམ་སྒྲིག་པ་དང་རི་མོ་བ་གྲགས་ཅན་ལི་མེན་གྱི་གསར་འགྱུར་གྱི་བར་བཅུག་རི་མོ་བརྒྱ་ཙམ་འགྲེམས་སྟོན་བྱས་ཡོད།

འགོ་ཚུགས་མཛད་སྒོར་ལི་མེན་གྱི་བརྩམས་ཆོས《མཛེས་ཤིང་མཛེས་པ》བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ལ་ཞལ་འདེབས་ཕུལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་ཟླ་7ཚེས་5ཉིན་བར་སྤྱི་དམངས་ལ་རིན་མི་དགོས་པར་འགྲེམས་སྟོན་བྱ་རྒྱུ་རེད།

འདི་ནི་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གྲོང་མི་ཚོས་འགྲེམས་སྟོན་ལ་ལྟ་བཞིན་པ།